རྐྱང་ཚ་ཡུལ་ཚོའི་ལས་བྱེད་མང་ཚོགས་ཀྱིས་ནགས་ཚལ་རྩྭ་ཐང་གི་མེ་འགོག་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-20


ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱ་ཆེད། རྐྱང་ཚ་ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་མཐའ་འཁྱོངས་བྱས་ནས། ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས།

བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་གསལ་པོ་བཟོས། སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཀོད་སྒྲིག་ཚོགས་འདུ་དང་སྐྱེ་ཁམས་བདག་སྐྱོང་གི་ཚོགས་འདུ་འཚོགས། གྲོང་ཚོ་ཁག་གི་ཀྲི་པུ་ཧྲུའུ་ཅི་དང་དགོན་སྡེའི་དོ་དམ་ཨུ་ལྷན། ལས་ཁུངས་དང་ས་ཚིགས་ཁག །ཡུལ་སྡེ་ཡོངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་75དང་། ཐག་རིང་འབྲོག་ཁུལ་གྱི་ཧྲུའུ་ཅི་དང་པོ་40ལྷག །གྲོང་ཚོར་བཅའ་སྡོད་རུ་མི། ལས་བྱེད་ལས་བཟོ་བཅས་ཁྱོན་མི་190ལྷག་ཙམ་ཚོགས་འདུར་ཞུགས་ནས་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་བ་དང་ལས་འགན་ཁ་གསལ་བཟོས།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་འདུ་ཤེས་ཇེ་ཟབ་བཏང་། གཅིག་ནས་སྐད་སྐུར་གྱི་གོ་རིམ་སྟབས་བདེ་རུ་བཏང་སྟེ། ཧྲུའུ་ཅི་དང་པོ་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་སྐབས། སྐད་གཉིས་ལས་བྱེད་པ་དང་སྐྱེ་ཁམས་བདག་སྐྱོང་བ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་སྒྲུབ་ཐུབ་པར་འགན་ལེན་བྱས། གཉིས་ནས་དྲིལ་བསྒྲགས་རླངས་འཁོར་གྱིས་ཉིན་ལྟར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་སྲོལ་ཡིག་སྒྲོག་དགོས། ཟླ་9པ་ནས་བཟུང་། ཡུལ་སྡེ་ཡོངས་ཀྱིས་ཁྱོན་སྒྲོག་ཤོག་200ལྷག་ཙམ་བཀྲམ་པ་དང་། དུད་ཚང་400ལ་བསྐྱོད་དེ་དྲིལ་བསྒྲགས་བྱས།

ལྟ་སྐུལ་ལ་ཤུགས་སྣོན་སྒོས་དོན་འཁྱོལ་ལ་སྐུལ་འདེད་བཏང་། ཡུལ་ཚོའི་དམངས་ཆེན་དང་ཡུལ་ཚོའི་སྒྲིག་ཨུ་མཉམ་འབྲེལ་གྱི་ལྟ་སྐུལ་ལམ་སྲོལ་ལེགས་འདོན་སྒོས། དུས་ངེས་མེད་དུ་ཡུལ་སྡེ་ཡོངས་ཀྱི་ནགས་སྲུང་པ་75ཡི་ལས་གནས་གནས་ཚུལ་དང་། གྲོང་ཚོ་ཁག་གི་ཚན་པ་ཁག་དང་དགོན་སྡེ་ཁག་གི་ལས་རེས་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱས། གནད་དོན་གྱི་གསལ་ཐོ་བཟོས་ནས་འགན་འཁྲི་འཁུར་མཁན་དང་དག་ཐེར་དུས་བཅད་གཏན་འཁེལ་བྱས།  གྲོང་གསེབ་ཀྱི་འགྲེམ་པར་དང་སྐད་འཕྲིན་ཚོགས་པར་བརྡ་ཁྱབ་བཏང་ནས་ལས་དོན་དོ་དམ་བྱེད་མི་ཡོད་པར་འགན་ལེན་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1