ཨབ་ཟ་ལེགས་པོའི་དཀྱིལ་ལ།།
ནག་པོའི་ཨོ་རོག་མ་གཏོང་།།
ནག་པོའི་ཨོ་རོག་བྱུང་ན།།
གནས་ཚང་ཨ་མས་ལབ་ཡོང་།།
བསྐྱར་བསྐོར་དཔོན་པོའི་བཀའ་རེད།།
ཡང་བསྐོར་བསྐྱོན་པ་མ་གནང་།།
སྲོད་ལ་སྲོད་གླང་འགྱུར་ཤོག།
སྲོད་གླང་དམར་བོར་འགྱུར་ཤོག།
ཡོས་གཞོང་འགྱོང་དགོས་ཡོད་དོ།།
གྲུ་བཞི་འགྱོང་དགོས་ཡོད་དོ།།
ཡོས་དེ་ལེགས་པོའི་དཀྱིལ་ལ།།
ནག་པོ་ཨོ་རོག་མ་གཏོང་།།
ནག་པོའི་ཨོ་རོག་བཏང་ན།།
ཆུང་བདག་རོགས་མོས་ལབ་ཡོང་།།
ཆུང་བདག་རོགས་མོ་མ་འགྱུར།།
གལ་སྲིད་འགྱུར་བ་བྱུང་ན།།
དམ་པའི་ཆོས་ལ་འགྱུར་ཤོག།
ཨབ་ཟ་ལེགས་པོའི་དཀྱིལ་ལ།།
ནག་ཆུང་ཨོ་རོག་མ་གཏོང་།།
ནག་ཆུང་ཨོ་རོག་བྱུང་ན།།
ཨ་མས་བཀའ་བཀྱོན་གནང་ཡོང་།།
ཡོས་ལ་ནག་བཙོག་མ་གཏོང་།།
ཨོ་རྒྱན་པད་མའི་ཚོགས་ཡོས།།
འོང་གིས་སྐེད་པ་ཟིན་སོང་།།
འོང་ཆང་སིལ་མ་འཁྱེར་ཤོག།
འོང་སྟོད་ལྟད་མོ་ཆེ་བ།།
འོང་གཞི་འབྲུ་སྣ་འཛོམས་བྱུང་།།