༄༅།། མཆོད་རྟེན་དཀར་པོ་རིའི་ལོ་རྒྱུས་རྡོ་རིང་ཡི་གེ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 11-01


  རྒྱལ་ཁབ་ཆེན་པོ་འདི་ཐང་སྲིད་ཀྱི་དུས་སུ་ཧྥན་ཡང་དུ་གྲགས།   དེ་ནས་སུང་སྲིད་ཀྱི་དུས་སུ་ཡན་ཤན་གྲགས།   ལིའུ་སྲིད་ཀྱི་རིང་ལ་སླེབས་པ་དང་རྒྱལ་ཁབ་ཏུ་གྲགས་པས།   ཀྱིན་དང་ཡཱན(ཡོན)དང་མིང་སྲུང་ཀྱི་དུས་སུ་དེ་བཞིན་དུ་གྲགས་མོད།   མཁར་གྱི་མཐའ་གྲུ་ཕོ་བྲང་ཁྲོམ་གྱི་བཀོད་པ་ནི་དུས་ཀྱི་དབང་གིས་སྐབས་འགར་མི་འདྲ་ཡང་།   ཉི་འོད་འཁྱིལ་བའི་རྒྱལ་ཁབ་ཆེན་པོ་འདི་ས་སྟེང་ན་ཕུལ་དུ་བྱུང་བས།   རྒྱལ་ཁམས་ཐམས་ཅད་ཀྱིས་བཀུར་བའི་གནས་སུ་གྱུར།   ངེས་པ་ལོ་ཁྲི་ཕྲག་གི་བར་དུ་མི་འགྱུར་བའི་གསེར་གྱི་ཕོ་བྲང་མཆོག་ཏུ་གྲུབ།   ཕོ་བྲང་གི་སྙིང་བོར་གྱུར་པ་ནི་རི་བོ་ལྷུན་སྟུག་འདི་ཉིད་ཡིན།   ནུབ་ཕྱོགས་ཀྱི་དགའ་ཚལ་ལ་འགྲན་པའི་མཆོད་རྟེན་དཀར་པོའི་རི་བོ་འདི་ལ།   ཀྱིན་སྲིད་ཀྱི་རིང་ལ་ཁྱུང་ཧྭ་ཏའོ་ཞེས་གྲགས།   བྱང་གི་དཀྱིལ་འཁོར་གྱི་དཔེ་རིས་སུ་བྲིས་པར།    ལིའུ་སྲིད་ཀྱི་སྐབས་སུ་ཡའོ་ཡུའི་ཟེར་བ་ཞིག་སྣང་བ་དེ་འདི་ཡིན་པར་འདུག་ཡཱན་སྲིད་ཀྱི་ཊི་ཡྭན་སྐབས་མིང་བརྗེ་ཤིང་ཚེ་ལོ་ཁྲི་ཕྲག་གི་རི་ཞེས་བཏགས་ཤིང་།  རི་ཁྲི་ཐུབ་ཏུ་ཡང་གྲགས་མིང་སྲིད་ཀྱི་དུས་སུ་མིང་གཉིས་ཀ་འབོད་པར་སྣང་།   ཡང་འགའ་ཞིག་ནི་ཏ་ཤན་ཙི་ཟེར་བའམ་མང་།   ཆེན་པོ་ཏའི་ཆིང་གི་ཆབ་སྲིད་འདིའི་སྐབས་མཆོད་རྟེན་དཀར་པོའི་རི་ཞེས་གྲགས་པའི་རྒྱུ་མཚན་ནི།   ཨེ་ཡེ་པེར་ཇ་ས་ག་ཆིའི་དུས་སུ་རི་འདིའི་རྩེར་མཆོད་རྟེན་དཀར་པོ་བཞེངས་པ་ལ་རྟེན་པ་ཡིན།   རྒྱལ་ཁབ་ཆེན་པོའི་ཁྱད་ཆོས་བརྒྱད་ཀྱི་ཚིགས་སུ་བཅད་པར་བརྟག་ན།   ཁྱུང་ཏའོ་ལ་དཔྱིད་དུས་ཐིབ་པའི་སྐབས་མེད།   ཅེས་མི་བརྗོད་པ་མེད་པ་ལྟར།   བདག་གིས་ཀྱང་ལྕགས་མོ་ལུག་གི་ལོར་རི་འདིའི་གཡོན་དངོས་ལ་རྡོ་རེངས་བཞེངས་ནས་འདི་ཉིད་ཀྱི་ལོ་རྒྱུས་རྙིང་བ་ལྟར་མཚན་མ་བཏབ་པ་ནི་སྔོན་བྱུང་མི་བརྗེད་པའི་ཆེད་ཡིན།    རི་ཡི་ཕྱོགས་བཞིར་ངོ་མཚར་བའི་བཀོད་པ་ཡོད།   ངེས་པར་དུ་ཕུལ་དུ་བྱུང་བ་ནི་སོས་ཀའི་སྐྱོ་བསངས་སུ་བྲིས་པའི་ཡི་གེ་དང་།   སྔོན་བྱུང་གི་མཐོང་ཐོས་སུ།   བརྩེ་ལྡན་མཁས་པའི་ཕོ་བྲང་ལྷུན་སྟུག་ཞེས(ཅེས)།   གཡང་ཊིའི་དབང་གཞུག་གསེར་གྱི་ཟིལ་མངར་འཕྲོ།།   དེ་ཡི་མཐོ་ཁྱད་མཐའ་གྲུ་གཞལ་བར་དཀའ།།   ཞེས་པའི་དོན་ལྟར་མཇལ་མི་རྣམས་དེར་སླེབ་མ་ཐག་བློར་མི་གཤོང་བས་ཧ་ལས་ཤིང་ངོ་མཚར་བར་གྱུར་པ་བདེན་མོད།    ཕལ་ཆེར་ཞིང་གི་རྒྱ་ཁྱོན་འབྱམས་ལས་ཤིང་།   བཀོད་པ་དཔག་པར་དཀའ་བ་དང་།   ཁྲིམས་ཀྱི་རི་རྒྱ་བྱས་པའི་སར་སོང་ཤིས།   སྐབས་འགར་ལན་རེ་ཙམ་མ་གཏོགས་མཇལ་དཀའ་བ་དང་།   སྔོན་གྱི་གཏམ་རྒྱུད་བློས་མ་ལྕིགས(ལྕོགས)པའི་དབང་གིས་ཡིན་པར་སྣང་།   དེས་ན་ཕྱོགས་བཞིའི་ཆ་བཞིར་ཁ་བྱང་གི་མཚན་མ་བྲིས་ནས།   ལིའུ་ཟུང་ཡཱན་གྱི་ཀུ་མུ་མཐའ་སྐོར་གྱི་ཤཱི་ཁྱེང་རི་བོའི་བརྗེད་བྱང་དང་མཚུངས་པར་བྱས།   འདི་ནས་གཏམ་རྒྱུད་ལ་རྟེན་ནས་ཡུལ་བཀོད་ཁྱད་ཆོས་ཤེས་པར་འདོད་པ་རྣམས་དངོས་ཀྱིས་སླེབ་པ་ལྟ་བུར་ལན་རེས་ཀྱང་རྟོགས་སླ་བའི་ཆེད་ཡིན།།

གནམ་སྐྱོང་དགུང་ལོ་སོ་དགུ་པ་ཆུ་སྦྲུལ་ལོའི་དགུན་ཟླ་འབྲིང་བའི་ཚེས་བཅོ་ལྔ་ལ་༧རྒྱལ་བོས་བྲིས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1