སྤྱི་ཟླ་6པའི་ཚེས་3ཉིན་གྱི་སྔ་དྲོར། ཙུང་ལི་ལི་ཁེ་ཆང་ཡང་བསྐྱར་གྲུ་གཟིངས་འབྲི་ཆུར་ནུབ་པའི་དོན་རྐྱེན་བྱུང་ཡུལ་དུ་ཕེབས་ཤིང་། ཆར་བའི་ཁྲོད་དུ་འདས་པོ་ཚོར་མྱ་ངན་ཞུས་ཡོད་པ་རེད།
རོགས་སྐྱོར་མི་སྣ་དག་གིས་འདས་པོ་ཚོར་མྱ་ངན་ཞུ་བཞིན་པ།
མྱུར་སྐྱོབ་བྱེད་བཞིན་པའི་ཡུལ་དངོས།
སྤྱི་ཟླ་6པའི་ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་11ཡས་མས་སུ། འགྲུལ་བ་མི་གྲངས་400ལྷག་ཡོད་པའི་ཤར་ཕྱོགས་སྐར་ཆེན་འགྲུལ་སྐྱེལ་གྲུ་གཟིངས་གློ་བུར་དུ་རླུང་འཁོར་དྲག་པོ་དང་འཕྲད་པས། འབྲི་ཆུའི་བར་རྒྱུད་ཧུའུ་པའེ་ཅན་ལིའི་ཆུ་རྒྱུད་དུ་གྲུ་གཟིངས་མགོ་རྟིང་ལོག་ནས་ཆུར་ནུབ་ཡོད་པ་རེད། འབྲུ་ཆུའི་གྲུ་ལམ་དང་མཚོ་དོན་སྡེ་ཁག་གིས་འཚོལ་སྐྱོབ་གྲུ་གཟིངས་10ལྷག་བཏང་ནས་མྱུར་སྐྱོབ་བྱས་དང་བྱེད་བཞིན་ཡོད་པ་རེད། མྱུར་སྐྱོབ་མི་སྣ་འབོར་ཆེན་ཞིག་མྱུར་སྐྱོབ་ཀྱི་ལས་ལ་བྲེལ་བཞིན་ཡོད་ཀྱང་། མིག་སྔའི་བར་མི་གྲངས་13ལས་བསྐྱབས་ཐུབ་མེད། །