༄༅།།ཕོ་འབྲས་འགོག་ཐབས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 11-02


   ཕོ་འབྲས་འབྱུང་བར་གོ་རིམ་རིང་པོ་ཞིག་དགོས་ཏེ། སྔ་གཞུག་ཏུ་ཕོ་བའི་འབྱར་སྐྱི་དང་དལ་གཤིས་ཕོ་ཚད། རྙིད་འཁུམ་རང་བཞིན་གྱི་ཕོ་ཚད། རྒྱུ་མའི་སྟེང་པགས། སྟེང་པགས་ནང་སྐྲན། སྦངས་སིམ་རང་བཞིན་གྱི་འབྲས་སྐྲན་སོགས་ཀྱི་གོ་རིམ་མང་པོ་བརྒྱུད་དགོས་ལ། གོ་རིམ་གང་ཞིག་གི་སྐབས་སུ་གསོ་བཅོས་ལེགས་པོ་བྱས་ན་ཕོ་འབྲས་སྔོན་འགོག་བྱེད་པར་ཕན།ཕོ་ཚད་དང་ཕོ་བ་སྨུག་པོ་ཡིས་ཕོ་བའི་འབྱར་སྐྱི་ལ་རྨས་ཕོག་པས། ཕོ་ཚད་དང་ཕོ་བ་སྨུག་པོ་དུས་ཐོག་ཏུ་གསོ་བཅོས་བྱ་རྒྱུ་ནི་ཕོ་འབྲས་འགོག་པའི་ཐབས་ལམ་ཆེས་གལ་ཆེན་ཞིག་ཡིན།ཕོ་ནད་ཤ་ལུ་ཡི་ནང་དུ་ཚད་གཤིས་ཤ་ལུ་དང་འཕར་སྐྱེ་རང་བཞིན་གྱི་ཤ་ལུ། གཤེར་རྨེན་སྐྲན་སོགས་འདུ་ཞིང་། སྔ་མ་གཉིས་ཀ་འབྲས་སྐྲན་དུ་འགྱུར་ཚད་དམའ་ལ། ཕྱི་མ་དེ་འབྲས་སྐྲན་དུ་འགྱུར་བའི་ཚད10%ནས12%ཡིན། ཚངས་ཐིག་ལི་སྨི2ལས་བརྒལ་བའི་ཤ་ལུ་དེ་འབྲས་སྐྲན་དུ་འགྱུར་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པས། ཕོ་བའི་གཤེར་རྨེན་སྐྲན་ཡོད་པ་ཤེས་རྗེས་མྱུར་དུ་སྨན་བཅོས་བྱེད་དགོས། ཕོ་བ་གཅོད་པའི་གཤག་བཅོས་བྱས་རྗེས། ཕོ་བའི་འབྱར་སྐྱི་ལ་དལ་གཤིས་རང་བཞིན་གྱི་གཉན་ཚད་འབྱུང་ཞིང་། གཤག་བཅོས་བྱས་རྗེས་ཀྱི་ལོ10ནས20ཡི་ནང་ཕོ་བའི་འབྲས་ལྷག་འབྱུང་སླ། ཞིབ་འཇུག་ལས་མངོན་པ་ལྟར་ན། 30%ཡི་ཕོ་འབྲས་ནད་པར་ཕོ་བ་གཅོད་པའི་གཤག་བཅོས་བྱས་མྱོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1