༄༅།།རྒྱལ་རྩེ་རྫོང་ཁོངས་ནས་རྙེད་པའི་བྲག་བརྐོས་རི་མོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 11-08


རྒྱལ་རྩེ་རྫོང་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་རྩེའི་རྫོང་ཁོངས་ནས་བྲག་བརྐོས་རི་མོ་ཞིག་ཐོག་མར་རྙེད་པ་རེད།

 ས་བབ་མཐོ་ཚད་སྨི་5200ཙམ་གྱི་རི་ལྡེབས་ཀྱི་བྲག་ངོས་བརྒྱད་ཀྱི་སྟེང་གནའ་སྔ་མོའི་རི་མོ་བརྐོས་པའི་ནང་རྟ་པ་46ཡོད་པར། རྟ་པ་22ཀྱིས་མདའ་གཞུ་འཁྱེར་བ་དང་། རྟ་པ་5ཡིས་མདུང་འཁྱེར་བ། ད་དུང་སྔ་དུས་ཀྱི་མཆོད་རྟེན་བཞི་དང་གཡུང་དྲུང་གཅིག་བཅས་ཡོད་པ་ལས་རི་དྭགས་རྔོན་པ་དང་། འཐབ་འཛིང་། དད་མོས་སོགས་གནའ་བོའི་དུས་ཀྱི་མིའི་རིགས་ཀྱི་འཚོ་བའི་ཆ་ཤས་ཤིག་མངོན་ཡོད། རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་རིག་རྫས་དང་གནའ་རྫས་རྟོག་ཞིབ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཚོས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། དེ་ནི་ཐང་རྒྱལ་རབས་ནས་ཡོན་རྒྱལ་རབས་དུས་སྐབས་ཀྱི་བྲག་བརྐོས་ཡིན་པ་དང་། ལོ་རབས་ཞིབ་ཕྲ་ད་དུང་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་མུ་མཐུད་བྱེད་དགོས་ཀྱི་ཡོད། དེ་ནི་རྒྱལ་རྩེ་རྫོང་ཁོངས་ནས་རྙེད་པའི་བྲག་བརྐོས་རི་མོའི་རྗེས་ཤུལ་ཐོག་མ་དེ་ཡིན་པས། རྒྱལ་རྩེ་རྫོང་ཁོངས་སུ་བྲག་བརྐོས་རི་མོའི་རྗེས་ཤུལ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། དེ་དག་ནི་ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་རིང་རྙེད་པའི་རིག་དངོས་གལ་ཆེན་ཞིག་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1