ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་རི་བོ་ཚང་མ་སྔོ་ཐིང་ཐིང་ཡིན་པས“ཀྲུང་གོའི་མཛེས་ཤོས་ཀྱི་གྲོང་རྡལ་ཆུང་ངུར”གྲགས་ཤིང་། ཡུལ་སྐོར་བ་མང་པོ་དེ་གར་སྤྲོ་གསེང་དུ་འགྲོ་བའི་ཡིད་དབང་འགུགས་བཞིན་ཡོད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད། དེ་གའི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བའི་རྣམ་པ་དེ་ནི་ཉིང་ཁྲི་ཙམ་མ་ཟད་ཐ་ན་བོད་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བསྡུས་རིས་ཤིག་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་ཟུར་ཞིག་ཡིན་པ།