མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་ཧོ་ཐ་གྲོང་སྡེའི་གཞི་རིམ་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རོགས་བྱས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-23


ད་ལོའི་དབྱར་དུས་སུ་མཛོད་དགེ་རྫོང་ཧོ་ཐ་ཆུ་ཁོལ་གྱིས་རང་བྱུང་ཆུ་ཁོལ་དང་སྐྱེ་ཁམས། དམངས་སྲོལ་སོགས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག །2020ལོར་བསྐྲུན་ཚར་བའི་ཧོ་ཐ་གྲོང་ཚོའི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་དང་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སུ་ཡང་བསྐྱར་འཁྲུག་ཆ་དོད།

ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དང་ཞིང་ཆེན་གྱིས་ཐུན་མོང་དཔལ་འབྱོར་རྣམ་གྲངས་གསར་པར་རོགས་སྐྱོར་བྱེད་པའི་གཅིག་བསྡུས་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། བཞག་ལྡོམ་གྲོང་རྡལ་ཧོ་ཐ་གྲོང་སྡེ་ཡིས་མཁར་རྫོང་བརྟན་བསྐྲུན་དང་འདུ་ཤེས་གསར་བཅོས། རང་ངོས་ལེགས་བཅོས་བཅས་ཀྱི་ཐད་ནུས་ཤུགས་བཏོན་ནས་གཞི་རིམ་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རོགས་བྱས།

མང་ཤུགས་མཉམ་འདོན་གྱིས་མཁར་རྫོང་བརྟན་པོ་བསྐྲུན་ནས། གཞི་རིམ་དུ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ། བསམ་ཕྱོགས་གསལ་སྟོན་དང་འགོ་ཁྲིད་སྟོབས་ལྡན། ལམ་སྲོལ་ལེགས་འཛུགས། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱིས་ལས་ཀའི་བྱེད་ཐབས་བཟོས་ནས། ཀྲི་པུའུ་ཡིས་གཙོ་ཤུགས་བཏོན་ནས་སྔོན་ལ་ཇུས་འགོད་དང་སྔོན་ལ་སྒྲུབ་པ། ཏང་ཡོན་གྱིས་རམ་འདེགས་སྒོས་སྟོབས་ཤུགས་གཅིག་བསྡུས་དང་གྲོང་སྡེའི་འཐུས་མིས་བློ་བསྡུས་དགེ་འཚོལ་སོགས་ཀྱི་གོམ་སྟབས་གསུམ་བརྒྱུད། གྲོང་སྡེའི་ཐོན་ཁུངས་སྔོག་འདོན་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ། ཐུན་མོང་དཔལ་འབྱོར་ཐོན་ཁུངས་བསྡུ་སྒྲིལ་བྱེད་ཁྱབ་ཆེ་རུ་བཏང་། སྤྲོ་གསེང་ཁུལ་ཡུན་རིང་ཇུས་འགོད་དང་ཆུ་ཁོལ་གྱི་གཙོ་རྒྱུགས་ཡུལ་སྐོར་བར་དམིགས་ནས་ཞབས་ཞུ་སྤུས་ལེགས་འདོན་པའི་ལམ་ཕྱོགས་ལྟར། ཀྲུང་དབྱང་དང་ཞིང་ཆེན་གྱིས་རོགས་སྐྱོར་གནང་བའི་གཅིག་བསྡུས་དཔལ་འབྱོར་རྣམ་གྲངས་གསར་པར་རྫོང་རིམ་པའི་ནོར་སྲིད་སྒྲིག་ཆས་དང་གྲོང་སྡེའི་ཐུན་མོང་གིས་མ་དངུལ་སྒོར་ཁྲི་106བཏང་ནས། རྒྱ་ཁྱོན་སྨི་གྲུ་བཞི་མ་600ཡོད་པའི་ཧོ་ཐ་གྲོང་སྡེའི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་དང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་གསར་འཛུགས་བྱས།

འགག་རྩའི་གསར་བརྗེའི་འདུ་ཤེས་ལ་བརྟེན་ནས་ཁྲོམ་རའི་ཆོས་ཉིད་གསལ་རྟོགས་ཐད་སྣ་མང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བ། ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་དུད(རྐང་མི)བཅས་མཉམ་འབྲེལ་གྱི་ལམ་ནས། རྣམ་གྲངས་ལ་ནང་ངོས་ནུས་གསོ་དང་གཉེར་སྐྱོང་འགན་སྤྲོད་ཀྱི་བྱེད་ཐབས་བརྒྱུད། གཙོ་གཟུགས་ཁག་གི་ལེགས་ཆ་གང་ལེགས་སྤྱད་དེ་མགྲོན་འགུག་དང་ཞབས་ཞུ། བྲིན་ཚོང་བཅས་ཀྱི་ལྷུ་ཚིགས་ལེགས་འབྱེད་སྒོས། ཐོན་ལས་སྦྲེལ་ཐག་ཏུ་མང་ཚོགས་ཀྱི་མིག་སྔ་དང་ཡུན་རིང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། ལས་ཞུགས་མཁོ་འདོན་དང་བྱང་ཚད་མཐོར་འདེགས་བྱས། གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་འདེམས་བསྐོ་བྱས་པ་བརྒྱུད་ཐུན་མོང་དཔལ་འབྱོར་གྱི་འགན་འཁུར་བ་བྱས། རྩ་འཛུགས་ཀྱི་དོ་དམ་རིམ་པ་གཞན་དག་གི་འགན་འཁུར་པ་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་མིང་འདོན་འོས་སྦྱོར་བྱས་ནས། ཏང་ཀྲི་པུའུ་དང་མཉམ་ལས་ཁང་ཟུང་འབྲེལ་གྱིས་དམངས་ཕྱུག་རྩ་བར་འཛིན་པ་དང་ཚན་རིག་དང་མཐུན་པའི་ལྕག་སྐུལ་གྱི་རྩ་དོན་ལྟར་དོ་དམ་ལ་འགན་ལེན་བྱས་ཏེ། འགན་གཙང་ལེན་གྱི་གན་རྒྱ་གཞིར་བཟུང་ནས་ཁྲིམས་ལྟར་དུས་བཀག་ལྟར་ཁེ་སྤོགས་དང་ཐོབ་ཆ་བསྡུ་བའི་གྲོས་མཐུན་བཟོས་ནས། གྲོང་སྡེའི་ཐུན་མོང་དཔལ་འབྱོར་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་འགན་ལེན་བྱས།

རང་ངོས་ལེགས་བཅོས་བྱས་ཏེ་སྒེར་གཉེར་ཁེ་ལས་དང་ཟུང་འབྲེལ་སྒོས་ཚོགས་སྒྲིག་འཕེལ་རྒྱས་ཀྱི་ནུས་པ་འདོན་པ། མིག་སྔའི་རྨང་གཞིའི་ཐོག་སྒྲིག་བཀོད་འཐུས་ཚང་དང་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། ཞབས་ཞུའི་རྣམ་གྲངས་གཏིང་ཟབ་ཏུ་བཏང་། རྣམ་གྲངས་ཀྱི་ལོ་འཁོར་གྱི་སྔོན་དཔག་ཡོང་འབབ་སྒོར་ཁྲི་15བསྡུ་སྒྲིལ་ནུས་ལྡན་བྱས་ཏེ་སྦྲ་ནག་མགྲོན་ཁང་དང་རྟ་བཞོན་ས་ཚིགས། མི་རིགས་ཀྱི་རྒྱན་གོས་གླས་ནས་པར་རྒྱག་པ་སོགས་ཀྱི་རྣམ་གྲངས་ལ་སྐུལ་ཁྲིད་བྱས། མཐོང་རྒྱ་བསྐྱེད་ནས་བཀྲ་ཤིས་བྱིས་པ་སོགས་མཛོད་དགེའི་རྫོང་གི་ཁྱད་ལྡན་རིག་གཏོད་ཐོན་རྫས་བཏོད་ནས། དཔེ་སྟོན་རང་བཞིན་གྱི་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་མང་ཚོགས་ལ་ཡུལ་སྐོར་ལེགས་སྤེལ་བྱས་ཏེ། གྲོང་སྡེ་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་དུས་རབས་གསར་པའི་འབྲོག་པའི་རིག་གནས་ཡུལ་སྐོར་གསར་འཛུགས་ཀྱི་སྒུལ་ཤུགས་བསྐྲུན་ནས། ཧོ་ཐ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོགས་པ་གསར་འཛུགས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1