དཔལ་སྤུངས་དང་རྫོང་སར་གྱི་ཐང་ག་རྩ་ཆེན་གྱི་དཔེ་ཆ་པོད་གཉིས་པར་དུ་བསྐྲུན།

གསར་འགོད་པ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-29


ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་དང་། ཧྥང་ཅི་ཚའེ་ཡི་དམངས་ཁྲོད་རིག་གནས་ཐེབས་རྩ་ཚོགས་པའི་རོགས་སྐྱོར་རྣམ་གྲངས། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་བསལ་མངགས་བཅོལ་རྣམ་གྲངས། ཀྲུང་གོའི་དམངས་ཁྲོད་རིག་གནས་ཤུལ་བཞག་མྱུར་སྐྱོབ་ལས་གཞིའི་གྲུབ་འབྲས་རབ་དང་རིམ་པའི་ཡ་གྱལ་བཅས་ཡིན་པའི《ཀྲུང་གོའི་ཐང་ག་རིག་གནས་ཀྱི་དཀར་ཆག་སྡེ་དགེའི་གླེགས་བམ》(སྟོད་ཆ་དང་སྨད་ཆ)ཆིང་ཏའོ་དཔེ་སྐྲུན་ཁང་གིས་ཉེ་ཆར་པར་སྐྲུན་འགྲེམས་སྤེལ་བྱས།

དེབ་འདི་ནི་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་རམ་འདེགས་འོག །དཀར་མཛེས་ཁུལ་སྲིད་གྲོས་ཀྱི་སྔོན་གྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་དང་། ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་སྔོན་གྱི་འགོ་གཙོ་འགྱུར་མེད་ཆོས་དབྱིངས་གཉིས་ཀྱིས་ལོ་ལྔ་ཙམ་རིང་འབད་བརྩོན་ཆེན་པོས་གཙོ་སྒྲིག་བྱས་པའི་འབྲས་བུ་ཞིག་ཡིན།

《ཀྲུང་གོའི་ཐང་ག་རིག་གནས་ཀྱི་དཀར་ཆག་སྡེ་དགེའི་གླེགས་བམ》(སྡེ་དགེའི་ཐང་ག་སྟོད་ཆ་ནི་དཔལ་སྤུངས་དགོན་གྱི་ཐང་ག་དང་སྨད་ཆ་ནི་རྫོང་སར་དགོན་གྱི་ཐང་ག་ཡིན)ལ་ཁྱོན་བསྡོམས་ལེའུ་དགུ་དང་ཡིག་འབྲུ་སུམ་འབུམ་ཉིས་ཁྲི། ཐང་གའི་འདྲ་པར་670ཡོད་ལ། དེའི་ནང་དུས་རབས་བཅོ་བརྒྱད་པ་ནས་བཟུང་སྡེ་དགེ་ས་ཁུལ་གྱི་སྒྱུ་རྩལ་པས་གསར་རྩོམ་བྱས་པའི་ཐང་གའི་སྒྱུ་རྩལ་སྤུས་དག་འདུས་ཡོད། སྡེ་དགེ་ས་ཁུལ་གྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་སྤྱི་ཚོགས། ཆོས་ལུགས་དད་མོས། དམངས་སྲོལ་འཚོ་བ། དེ་བཞིན་སྡེ་དགེའི་སྒར་སྨན་ཐང་གའི་ལོ་རྒྱུས་དང་ཁྱད་ཆོས། རིགས་དབྱེ། བཟོ་སྐྲུན་ལས་རིམ། རི་མོའི་ཡོ་བྱད། ལྷ་བཟོའི་རྒྱུན་འཛིན་བརྒྱུད་རིམ་སོགས་ཀྱི་ནང་དོན་ཇི་མ་ཇི་བཞིན་ཟིན་ཐོ་བཀོད་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཡོད་པས། རིག་གནས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1