མཛོད་དགེ་རྫོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-06


ད་ལོའི་སྤྱི་ཟླ་12པའི་ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པ་རེད། རྫོང་ཡོངས་ནས་རྩ་ཁྲིམས་བརྩི་སྲུང་དང་རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལག་ལེན་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། སྤྱི་ཟླ་12པའི་ཚེས་4ཉིན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་རྫོང་མཁར་དུ་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱེད་སྒོར་སྒྲོག་ཤོག་སྦྱར་བ་དང་བཅའ་ཁྲིམས་བློ་འདྲི། བཅའ་ཁྲིམས་སྒྲོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད《རྩ་ཁྲིམས》དང་《ཉེས་ཁྲིམས》《དམངས་དོན་ཁྲིམས་གཞུང་》 གསར་དུ་བཟོ་བཅོས་བརྒྱབ་པའི《སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཙོ་གནད་སྒོས་དྲིལ་བསྒྲགས་བྱས་པར་མ་ཟད། ལས་བྱེད་མང་ཚོགས་ལ་སྤྱི་ཚོགས་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས། འགལ་ཟླ་འདུམ་སྒྲིག །ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀུན་གྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་དོགས་གཞི་སེལ། རྩ་ཁྲིམས་དང་བཅའ་ཁྲིམས་སྤྱོད་དབང་དང་འོས་འགན་ལེགས་སྒྲུབ་ཀྱིས་ཁྲིམས་སྐྱོང་འདུ་ཤེས་འཛུགས་པར་སྐུལ་ཁྲིད་སྒོས། རྩ་ཁྲིམས་ཀྱི་འདུ་ཤེས་དར་སྤེལ་བཏང་སྟེ་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་།

དྲིལ་བསྒྲགས་བྱེད་སྒོར་མི་ཐེངས་400ལྷག་ཞུགས་པ་དང་། སྒྲོག་ཡིག་2བཀལ། དྲིལ་བསྒྲགས་ཐོན་རྫས་300ལྷག་སྦྱིན་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཡིག་ཆ་300ལྷག་བཀྲམ། བློ་འདྲི་བྱེད་མཁན་མི་ཐེངས་10ལ་དོགས་གནད་སེལ། ཐེངས་འདིའི་བྱེད་སྒོར་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས《རྩ་ཁྲིམས》དང་གསར་དུ་བཟོ་བཅོས་བརྒྱབ་པའི《སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ལ་དོ་ཁུར་དང་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1