གཤོ་རྔུལ་མདའ་གནའ་ཤུལ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནས་བྱང་ཕྱོགས་སུ་སྤྱི་ལེ་ལྔ་ཙམ་སོང་ན་ངོམ་ཆུའི་འགྲམ་རྒྱུད་དུ་གནས་པ་དང་། ཤར་ནས་དངུལ་མདའ་ཤང་དུ་རྨིད800ལྷག་ཡོད། སྤྱི་ལོ1980ལོའི་ཟླ5པར་ས་གནས་དེ་གའི་སྲིད་གཞུང་གིས་དངུལ་མདའ་སློབ་ཆུང་འཛུགས་སྐབས་རྫ་ཆས་དང་རྫ་སྣོད། རུས་པ་སོགས་བྱུང་བ་རེད། སྤྱི་ལོ2013ལོའི་ཟླ5 པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་བདུན་པའི་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་བྱས། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཁྱོན་རིག་དངོས12760ཡོད་པའི་ནང་ནས་སྲོག་ཆགས་ཀྱི་རུས་པ4844དང་། རྡོ་ཆས6224 རྫ་ལེབ1692བཅས་ཡོད། རིགས་གཅིག་མཁས་ཅན་གྱིས་རིགས་འདེད་བྱས་པ་ལྟར་ན། གཤོ་དངུལ་མདའི་གནའ་ཤུལ་དེ་མཁར་རོ་གནའ་ཤུལ་ལས་ཕྱི་བ་དང་རིག་ཁོངས་མཚུངས་ལ་མཁར་རོའི་ཤུལ་ལས་སྔོན་ཐོན་ཆེ། ད་ལྟའི་བར་ལོ་བཞི་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད།