ཉེ་ཆར། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་དོན། སི་ཁྲོན་གྱི་ཀྲུང་གོའི་རིག་རྩལ་སྲིད་གཞུང་བྱ་དགའ་སྐབས་ལྔ་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི《རྒྱང་སྐྱོད། རྒྱང་སྐྱོད།》ཅེས་པའི་ལྗོངས་རྣམ་གླུ་བྲོ་ཆེ་གྲས་ལ་སི་ཁྲོན་གྱི་ཀྲུང་གོའི་རིག་རྩལ་སྲིད་གཞུང་བྱ་དགའ་སྐབས་ལྔ་པའི་བྱ་དགའ་ཐོབ་པ་རེད། འདི་ནི་རང་ཁུལ་གྱི་སི་ཁྲོན་གྱི་ཀྲུང་གོའི་རིག་རྩལ་སྲིད་གཞུང་བྱ་དགའ་ཐོབ་ཐེངས་ཐོག་མ་དེ་ཡིན་པ་རེད།
སི་ཁྲོན་གྱི་ཀྲུང་གོའི་རིག་རྩལ་སྲིད་གཞུང་བྱ་དགའ་ནི་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྒྲིག་འཛུགས་ལག་བསྟར་བྱས་པའི་ཞིང་ཆེན་རིམ་པའི་རིག་གནས་སྒྱུ་རྩལ་གྱི་སྲིད་གཞུང་བྱ་དགའ་ཞིག་ཡིན་ཞིང་། སི་ཁྲོན་སྒྱུ་རྩལ་དུས་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ལོ་བཞི་རེར་ཐེངས་རེ་དཔྱད་འདེམས་བྱེད་བཞིན་ཡོད་ལ། ད་བར་དཔྱད་འདེམས་ཐེངས་བཞི་བྱས་ཡོད། ད་ལོའི་སྤྱི་ཟླ6པ་ནས11བར། སི་ཁྲོན་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་རྩེར་སོན་འཁྲབ་ཚན་འགྲེམས་འཁྲབ་དང་སི་ཁྲོན་གྱི་ཀྲུང་གོའི་རིག་རྩལ་སྲིད་གཞུང་བྱ་དགའ་སྐབས་ལྔ་པའི་དཔྱད་འདེམས་ཁྲེང་ཏུའུ་རུ་གཉེར་བ་རེད།
《རྒྱང་སྐྱོད། རྒྱང་སྐྱོད།》ཅེས་པའི་ལྗོངས་རྣམ་གླུ་བྲོ་ཆེ་གྲས་འདིར་རྒྱང་སྐྱོད་སྙིང་སྟོབས་གཙོ་བོར་བཟུང་ཡོད་ཅིང་། གཏམ་རྒྱུད་ཆུང་ཆུང་ནས་འགོ་བཙུགས་ཏེ་དམར་དམག་ཆུང་བ་དང་། ཀྲང་ཧྥུ་ལིན། ཧྲུའུ་ཅི་པ་སངས་སོགས་མི་གཤིས་དྲི་མ་མེད་པའི་སེམས་འགུལ་ཐེབས་པའི་དོན་རྐྱེན་བརྒྱུད་དེ། དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས“རྒྱང་སྐྱོད་སྙིང་སྟོབས”འོག་མི་རབས་ནས་མི་རབས་བར་མདུན་སྐྱོད་ཞུམ་མེད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། མཐུན་སྒྲིལ་རོགས་རེས་བཅས་ཀྱི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དང་ཕུགས་བསམ། བརྩེ་སེམས་མངོན་ཡོད། དམར་དམག་རྒྱང་སྐྱོད་དཀར་མཛེས་ཁུལ་དུ་སླེབས་པ་དང་། ཁྲོན་བོད་གཞུང་ལམ་བསྐྲུན་པ། དེ་ནས་དབུལ་ཐར་འགག་སྒྲོལ་ཐུབ་ཅིང་། ཡུལ་སྡེ་དར་རྒྱས་བཏང་ནས་མི་སེར་ཚོའི་འཚོ་བ་ཡག་པོ་ཡོང་བའི་བར་གྱི་མི་སེམས་འགུལ་བའི་ངང་ཚུལ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། རང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཐད་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་གྲུབ་འབྲས་རླབས་ཆེན་ཐོབ་པ་མཚོན་ཡོད་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་སྤུན་ཟླའི་འོ་ཆུ་མཉམ་འདྲེས་དང་སྤུན་ཟླའི་མཛའ་གྲོགས། སོ་སྲུང་རོགས་རེས་བཅས་ཀྱི་རྒྱལ་ཁབ་ཀྱི་བརྩེ་སེམས་ཀྱང་མངོན་ཡོད་པ་རེད། །