མཛོད་དགེ་རྫོང་གིས་2023ལོའི་ལོ་སྨད་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-11


ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན། ཁུལ་ཨུ། རྫོང་ཨུ་བཅས་ཀྱི་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་ཆོས་ལུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བའི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། མཛོད་དགེ་རྫོང་གིས་2023ལོའི་ལོ་སྨད་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས། དགོན་སྡེ་ཁག་གི་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། རྗེས་གྲབས་དགེ་འདུན་པ་བཅས་ཁྱོན་མི་100ལྷག་ཙམ་གསོ་སྦྱོང་ནང་ཞུགས།

གསོ་སྦྱོང་ཚོགས་འདུར་རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་ཚེ་རིང་གིས་སློབ་སྦྱོང་ལ་ཤུགས་སྣོན་དང་དོ་དམ་ཆུ་ཚད་མཐོར་འདེགས། བྱང་ཚད་མཐོར་འདེགས་སོགས་ཀྱི་ཐད་བླང་བྱ་བཏོན།  ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཐེངས་འདིའི་གསོ་སྦྱོང་གོ་སྐབས་དམ་འཛིན་གྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལ་སློབ་སྦྱོང་གང་ལེགས་བྱས་ཏེ།  རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་ཏང་གི་བྱེད་ཕྱོགས་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱ་རྒྱུ་རང་ཉིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གང་ལེགས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བའི་རང་རྟོགས་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། 

ཐེངས་འདིའི་གསོ་སྦྱོང་ནང་རྫོང་ཨུའི་འབད་འཐབ་དངོས་སྒྲུབ་གྱི་ལས་དོན་བརྗོད་དོན་གཙོ་བོ་དང་། དགོངས་པ་བརྩི་སྲུང་དང་ལྟེ་གཉིས་མཉམ་གཏོད། ཕྱུག་གསུམ་མཉམ་སྤེལ། ཁུལ་བཞི་མཉམ་བསྐྲུན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། ཏང་གཅེས་རྒྱལ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་མ་ལག་སློབ་སྦྱོང་བྱས།  ཆེད་དོན་འཆད་ཁྲིད་ཀྱི་ལམ་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཚོགས་འདུའི་དགོངས་དོན་དང་།  《ཆོས་ལུགས་ལས་དོན་སྲོལ་ཡིག》 ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་བྱས། ཆོས་ལུགས་ཁྱབ་ཁོངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་གཅེས་རྒྱལ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ཆེ་རུ་ཕྱིན། ཆོས་ལུགས་ལས་རིགས་མི་སྣའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་བས། རྫོང་ཡོངས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་གཏོང་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན། གསོ་སྦྱོང་དུ་ཞུགས་མཁན་ཡོངས་ནས་ཆོས་ལུགས་ལས་རིགས་ཀྱིས་ཏང་གི་རྗེས་འབྲང་བཞིན་ཏང་གི་བཀའ་ལ་ཉན་ནས། སྦྱོར་བ་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རང་འགུལ་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་སྒོས། གུང་ཁྲན་ཏང་གི་འགོ་ཁྲིད་བརྩི་སྲུང་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་ཕྱོགས་པ་མཐའ་འཁྱོངས་བྱེད་བཞིན། ཏང་གཅེས་རྒྱལ་ཞེན་དང་ཆོས་བཀུར་གྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས། ཏང་དང་བློ་ཁ་གཅིག་ཏུ་ཕྱོགས་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་སྒོས། རྫོང་ཡོངས་ཀྱི་ཆོས་ལུགས་ཀྱི་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཇེ་བརྟན་དུ་གཏོང་ངེས་བར་བསྟན། 

ཚོགས་འདུ་གྲོལ་རྗེས། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ད་དུང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་མེ་གསོད་མེ་འགོག་ཚོ་ཆུང་། རྗེས་གྲབས་དགེ་འདུན་པ་བཅས་ཁྱོན་མི་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། མཛོད་དགེ་རྫོང་ཆོས་ལུགས་ལས་དོན་མི་སྣའི་མེ་འགོག་མེ་གསོད་བདེ་འཇགས་ཤེས་བྱའི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས་ནས། ཡུལ་གྲོང་དང་གྲོང་སྡེ། དགོན་སྡེ་བཅས་ཀྱི་མེ་འགོག་མེ་གསོད་ལས་དོན་ལ་དམིགས་ནས་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་མེ་སྐྱོན་ཉེན་གཡོལ་རང་སྐྱོབ། རོགས་སྐྱོབ་ཀྱི་རྩལ་ནུས་དང་མེ་གསོད་སྒྲིག་ཆས་བེད་སྤྱོད་སོགས་བདེ་འཇགས་ཤེས་བྱ་རྒྱས་བཤད་ཞིབ་ཕྲ་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1