སེར་བའི་འདྲ་པར།
སེར་བའི་འདྲ་པར།
སེར་བའི་ཚངས་ཐིག
སྤྱི་ཟླ་6པའི་ཚེས་3པའི་ཆུ་ཚོད་20དང་སྐར་མ་14ཡས་མས་སུ། སི་ཁྲོན་རྔ་བ་རྫོང་ལ་གློ་བུར་དུ་སེར་བ་ཆེན་པོ་བབས། སེར་བ་ཆེས་ཆེ་བའི་ཚངས་ཐིག་ལ་ཧའོ་སྨི་26ཡོད་པ་དང་། ལྗིད་ཚད་ལ་ཁེ་30ཡོད་པ་རེད། རྔ་བ་རྫོང་ཡོངས་ཀྱི་སྒོ་ཕྱུགས་དང་ཁང་པ། རླངས་འཁོར། ལོ་ཏོག་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས། མིག་སྔར་མིའི་ཚེ་སྲོག་ལ་གནོད་འཚེ་བྱུང་བའི་གནས་ཚུལ་མ་ཐོས་ལ། གནོད་ཁུལ་གྱི་གནས་ཚུལ་ལ་མུ་མཐུད་དུ་རྒྱུས་ལོན་བྱེད་བཞིན་པའི་སྒང་རེད། །