སྲིད་གྲོས་སྐབས་བཅོ་ལྔ་པའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ།

གསར་འགོད་པ། ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 01-10


སྲིད་གྲོས་སྐབས་བཅོ་ལྔ་པའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ།

ལིའུ་ཕིང་གིས་གསུང་བཤད་གནང་ཞིང་། ལུའོ་ཀྲེན་ཧྭ་དང་ལི་ཝེ་གོ་གཉིས་ཚོགས་འདུར་ཕེབས།

སུང་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། 

སྤྱི་ཟླ་1ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་སུང་ཉིང་དང་སུའུ་ཧྲི་ཧྲེང་། ཧུང་ཞིའུ་ཡིང་། ནམ་མཁའ། ཀྲང་ཏེ་ཧྥ། ཧོ་ཞའོ་པིང་། ཆི་ལིན། ཧྥེང་ཀྲེང་ཡུང་། རིན་ཆེན། པེན་སི་ཧྥ་བཅས་ཡིན། 

ཚོགས་འདུར་ཕེབས་དགོས་པའི་ཨུ་ཡོན་276ཡོད་པ་ལས། དངོས་སུ་ཞུགས་པའི་ཨུ་ཡོན་255ཡོད་པས། སྲིད་གྲོས་ཀྱི་སྒྲིག་སྲོལ་གཏན་འབེབས་དང་མཐུན། 

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཚའེ་ཆིང་ལི། ཏུའུ་ཧེ་དབྱང་བཅས་གདན་ཞུས་ལྟར་མཇུག་བསྒྲིལ་ཚོགས་ཆེན་དུ་ཕེབས་ཡོད་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།  

ཀྲུའུ་ཞིའི་སྟེགས་བུར་ད་དུང་། ཀྲུང་གུང་རྔ་བ་ཁུལ་ཨུ་དང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་དང་། ཁུལ་གྱི་རིམ་པ་དང་བོའི་སྐོར་ཞིབ་པ། རྔ་བའི་དམག་ཁུལ་ཡན་ལག་ཁང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བློ་མཐུན་རྣམས་དང་། འབར་ཁམས་སུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་བཞུགས་ཡོད།

ཁུལ་སྲིད་གྲོས་ཨུ་ཡོན་དུ་བཀོད་སྒྲིག་བྱས་མེད་པའི་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་། འབར་ཁམས་སུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་ཁུལ་སྲིད་གྲོས་ཀྱི་ལས་ཀའི་སྒྲིག་གཞི་ཁག་གི་འགན་འཁུར་བ་རྣམས་ཚོགས་འདུར་ཟུར་ཞུགས་བྱས་པ་དང་། འབར་ཁམས་སུ་སྡོད་པའི་ཁུལ་རིམ་པའི་ལས་ཁུངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་ལས་བྱེད་པས་ཚོགས་འདུར་ཟུར་ཉན་བྱས། 

ཚོགས་ཆེན་དུ་ཐོག་མར་འདེམས་བསྐོ་བྱས། སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོ་བྱེད་ཐབས་དང་། སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་ཤོག་ལྟ་ཞིབ་པ་དང་། སྤྱིའི་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་ཞིང་། ཨུ་ཡོན་རྣམས་ཀྱིས་རང་མིང་མི་འགོད་པ་དང་གྲངས་མཉམ་འདེམ་བསྐོའི་བྱེད་ཐབས་ལྟར་འདེམས་ཤོག་འཕངས་ཏེ། སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་1དང་། རྒྱུན་ལས་ཨུ་ཡོན་4བདམས་ཐོན་བྱུང་། ཀུའོ་ཞུང་སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས། ལིའུ་ཞན་ཧྥན་དང་སུན་ཧྥོ་ཧྭ། གནས་ལྷ། ཀྲའོ་ཁྲེང་ཡུའེ་བཅས་སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བདམས། 

ཚོགས་ཆེན་དུ《སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་གྱི་སྙན་ཞུ》དང་། 《སྲིད་གྲོས་སྐབས་བཅོ་ལྔ་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་།

ལིའུ་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་གུང་རྔ་བ་ཁུལ་ཨུའི་ཚབ་མཛད་ནས་ཚོགས་ཆེན་བདེ་བླགས་ངང་གྲོལ་བར་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས། ཁོང་གིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་མཐའ་བར་གསུམ་ཀུན་དམངས་གཙོ་དང་། མཐུན་སྒྲིལ། གསར་གཏོད། བདེན་འཚོལ་གྱི་རྣམ་པས་ཁེངས་ཤིང་། མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་ལེགས་ཆ་དང་། སྤྱི་ཚོགས་རིང་ལུགས་གྲོས་མོལ་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནུས་ལྡན་མངོན་པ་དང་། སྲིད་གྲོས་ཨུ་ཡོན་གྱི་སེམས་པ་ཁྱོན་ཡོངས་ལ་ཕྱོགས་པ་དང་བརྩེ་བ་དམངས་འཚོར་བཅངས་བའི་རྣམ་འགྱ་བཟང་བོ་ཁྱོན་ཡོངས་ནས་མངོན་པས། འདི་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ། འབད་འབུངས་ཡར་བརྩོན་ལྡན་པའི་ཚོགས་ཆེན་ཞིག་རེད།

ལིའུ་ཕིང་གིས་བསྟན་དོན། འདས་མ་ཐག་པའི་2023ལོ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། རྔ་བ་ཁུལ་ཚུགས་ནས་ལོ་ངོ་70འཁོར་བའི་བཀྲ་ཤིས་པའི་ལོ་ཞིག་ཀྱང་རེད། ལོ་གཅིག་གི་རིང་། ཁུལ་ཨུས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མཐའ་གཅིག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཨུའི“ཅན་བཞི་མཉམ་འགྲོས། ཡུལ་གྲོང་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་ནན་ཏན་དང་། ནུས་ཤུགས་ཡོད་དགུས་སྤྱོད་ཚུལ་ལེགས་སྒྱུར་དང་། དཔལ་འབྱོར་འཚོལ་སྒྲུབ། འཛུགས་སྐྲུན་བྱེད་པ། དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། མཐའ་ཐིག་སྲུང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་རྔ་ཁུལ་བསྐྲུན་ཚད་གོང་དུ་སྤེལ་བར་གྲུབ་འབྲས་གསར་བ་བླངས། འབད་འཐབ་ཀྱི་གོ་རིམ་ལ་ཕྱིར་མིག་བལྟས་ན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་གཙོའི་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་དང་། “བརྩི་སྲུང་གཉིས”བློ་ཐག་རྦད་ཆོད་ཀྱིས་བྱེད་ཐུབ་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་མུ་མཐུད་ཆེ་རུ་ཕྱིན། ང་ཚོས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་བྱས་པ་དང་། ཕྱོགས་ཡོངས་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྩ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། རང་ཁུལ་དུ་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་བའི་གོ་རིམ་དུ། ལྗང་མདོག་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གཤོ་འགྱུར་བྱེད་པའི་རྣམ་པ་བཟང་བོ་མངོན། ང་ཚོས་ལག་ལེན་དངོས་ལ་བརྟེན་ནས་ཕན་འབྲས་དངོས་བསྒྲུབས་པ་དང་། ལག་ལེན་དངོས་ལ་བརྟེན་ནས་གྲུབ་འབྲས་དངོས་བླངས་ཡོད། རྔ་བ་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་བ་དང་། ཁྲོན་ཆིང་ལྕགས་ལམ་ལས་ཀྲེན་ཅང་འགག་སྒོ་ནས་ཆིང་པའེ་ཅང་བར་གྱི་ལམ་དུམ་དངོས་སུ་ཤར་གཏོང་ཐུབ་པར་བྱས་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་བདེ་བླག་ངང་གསར་འཛུགས་བྱས། གྲུབ་འབྲས་འདི་དག་ཐོབ་དོན་གྱི་རྩ་བ་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ཀྱི་ཞུམ་པ་མེད་པའི་འབད་འབུངས་དང་། མཐུན་སྒྲིལ་འབད་འཐབ་ལ་ཁ་འབྲལ་ཐབས་མེད་པར་མ་ཟད། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་བློ་གྲོས་དང་སེམས་ཁུར། དཀའ་སྤྱད་བཅས་ཀྱང་གོང་བུར་འདུས་ཡོད། ལོ་གཅིག་གི་རིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱས་ཏེ། གཟབ་ནན་ཆེན་པོས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་ཏུ་བསྟར་ཏེ། ཁུལ་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་སྤྱི་ཡོངས་ལ་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་དང་སེམས་པ་གཅིག་མཐུན་ཚད་མེད་བྱས་ཏེ། སྤུས་ཚད་མཐོན་པོས“ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ”བསྐྲུན་པ་དང་། དེང་རབས་ཅན་གྱི་རྔ་ཁུལ་འཛུགས་སྐྲུན་གོང་དུ་སྤེལ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཁུལ་ཨུས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་པ་དོན་འཁྱོལ་ནན་ཏན་བྱས་ཏེ།  “རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་སྣེ་ཁྲིད་དུ་བཟུང་སྟེ། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་ཐོན་ལས་གཞི་གཅིག་ཅན་དུ་སྐྱེད་པ། རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པ། སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་དུ་ཡར་འདེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གཞི་གཅིག་ཅན་དུ་ལེགས་སུ་གཏོང་བ། གཞི་རིམ་སྤྱི་ཚོགས་གཞི་གཅིག་ཅན་དུ་བཅོས་སྐྱོང་བྱེད་པ། ཐོན་ཁུངས་གནད་རྐྱེན་གཞི་གཅིག་དུ་བཀོད་སྒྲིག་བྱེད་པ། ཏང་གི་འཛུགས་སྐྱོང་གཞི་གཅིག་ཅན་དུ་ཤུགས་སྣོན་པ་བཅས་བྱས་ཏེ། ནུས་པ་ཡོད་དགུས་ཡུལ་གྲོང་མཉམ་འདྲེས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བཀོད་སྒྲིག་བཏོན། འདི་ནི་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་པ་ནས་བཟུང་། སྐྱེ་ཁམས་དང་། ཐོན་ལས། བཅོས་སྐྱོང་། དམངས་འཚོ་སོགས་ལག་ལེན་དངོས་དང་ཉམས་མྱོང་གི་མ་ལག་རང་བཞིན་གྱི་གསེད་བཀྲོལ་དང་སྤྱི་ཡོངས་རང་བཞིན་གྱི་མཉམ་འདྲེས་ཤིག་སྟེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་བརྟེན་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགན་སྲུང་བྱས། འཐབ་ཇུས་གསར་བས་འགན་འཁྲི་གསར་བ་འཁུར་བར་བསྐུལ་ཞིང་། འཐབ་ལམ་གསར་བར་བྱས་རྗེས་གསར་བ་ངོམ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས“སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་གླེང་བྱང་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་བརྩི་བ། སྤྱོད་ལམ་ཡག་པ”བཅས་ཀྱི་བླང་བྱ་ལྟར། མི་དམངས་སྲིད་གྲོས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་དང་། ཆབ་སྲིད་གྲོས་མོལ། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ། གྲོས་མོལ་བརྗེ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་བར་འབད་དེ། སྤུས་ཚད་མཐོན་པོའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ལག་ལེན་དུ་འགན་འཁྲི་སྔར་བས་ཆེ་བ་དང་མཛད་རྗེས་སྔར་བས་ལེགས་པ་མངོན་དགོས།

ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་བླ་སྲོག་བརྟན་པོར་འཛུགས་པ་དང་། ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་སྲིད་གྲོས་ཀྱི་སྤྱོད་བཟང་མངོན་པར་བྱ་དགོས། རྣམ་པ་ཀུན་ཏུ་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་། སྲིད་གྲོས་ཨུ་ཡོན་ནི་ཆབ་སྲིད་ཀྱི་ཐོབ་ཐང་ཞིག་ཡིན་པ་དང་། གྲོས་མོལ་སྲིད་གླེང་ནི་ཆབ་སྲིད་ཀྱི་ལས་དོན་ཞིག་ཡིན་པ་བློ་ལ་བརྟན་པོར་བཟུང་སྟེ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། ཐོག་མའི་བསམ་འདུན་བརྟན་སྲུང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་བློ་སེམས་གཅིག་ཏུ་བསྒྲིལ་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངེས་ཤེས་ཟབ་མོ་བསྐྱེད་པ། བློ་ཐག་རྦད་ཆོད་ཀྱིས“བརྩི་སྲུང་གཉིས”སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་ཡོངས་ལ་དོན་འཁྱོལ་ཡོང་བར་བྱས་ཏེ། རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ཞིང་ཨུའི་བཀོད་སྒྲིག་རེ་འདུན། ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་བཅས་དམངས་གཙོའི་གོ་རིམ་ལ་བརྟེན་ནས་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ། ཏང་ཨུའི་ལས་ཀའི་བཀོད་སྒྲིག་གང་དུ་བྱས་ན། སྲིད་གྲོས་ཀྱི་འགན་སྒྲུབ་ཀྱང་དེར་ཐོན་པ་དང་། ནུས་པའང་དེར་ཐོན་པ་བྱ་དགོས། ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་མངོན་པར་བྱ་དགོས། རང་རྟོགས་ངང་སྤྱི་ཡོངས་ནང་ཞུགས་པ་དང་། རང་མོས་ངང་ཁྱོན་ཡོངས་ལ་ཞབས་འདེགས། སྤུས་ཚད་མཐོན་པོས“ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་ཚད་གསར་བར་བློ་སེམས་གཅིག་ཏུ་གཏད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་དང་། ཡུལ་གྲོང་མཉམ་འདྲེས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་། སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དམ་དུ་བཟུང་ནས་འབྲེལ་གཏུག་རྒྱ་ཁྱབ་དང་། ཤེས་ལྡན་པ་མཉམ་འཛོམས། བློ་རིག་གཅིག་སྡུད་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། འདྲི་རྨེད་རིགས་སྒྲུབ་རྒྱ་ཁྱབ། ཐབས་འདོན་སྲིད་རོགས་ཧུར་ཐག་བྱས་ཏེ། ཐོག་མཐའ་ཀུན་ཏུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་འགན་འཁྲི་དང་བྱ་སྤྱོད་མངོན་པར་བྱ་དགོས། དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་ལག་ཏུ་བསྟར་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་སྲིད་གྲོས་ཀྱི་བརྩེ་སེམས་མངོན་དགོས། མི་དམངས་ཀྱི་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་འཛིན་པ་དང་། ཡུལ་གྲོང་མཉམ་འདྲེས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་སེམས་གཏོད་པ་དང་། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་སྣེ་ཁྲིད་དུ་གཟུང་ཞིང་། གཙོ་གནད་ཀྱི་དམངས་འཚོའི་དོན་དངོས་བསྒྲུབ་བྱར་བཟུང་སྟེ། “གཤམ་སྐྱོད་བཞི”མཐའ་འཁྱོངས་དང་། “འབྲེལ་གཉིས་སྒྲོག་གཅིག”གི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པའི་ལས་སྟེགས་ལ་བརྟེན་ཏེ། ཏང་དང་སྲིད་གཞུང་ལ་རམ་འདེགས་བགྱིས་ནས་སྲིད་ཇུས་དྲིལ་སྒྲོག་དང་། འབྲེལ་བ་མཐུན་སྦྱོར། བསམ་ཚུལ་འགྲིག་མཐུན། འགལ་བ་སེལ་བ། ཡིད་ཆེས་བརྟན་གཏོང་བཅས་ཀྱི་ལས་དོན་དང་། མང་ཚོགས་ཀྱིས་ཚོར་ཐུབ་ལ་མཐོང་རེག་ཐུབ་པའི་དམངས་འཚོའི་དོན་དངོས་བསྒྲུབ་པ་དང་། འགན་སྒྲུབ་དམངས་དོན་གྱི་ལག་ལེན་དངོས་ལ་བརྟེན་ནས་མང་ཚོགས་རྣམས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་སྔར་བས་འགན་སྲུང་ཡོད་པར་བྱ་དགོས། མཐུན་སྒྲིལ་དམངས་གཙོ་མཐའ་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་སྲིད་གྲོས་ཀྱི་ལེགས་བབ་འདོན་སྤེལ་བྱ་དགོས། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུད་རྒྱུ་དེ་འགན་སྒྲུབ་ལས་ཀའི་ལྟེ་བའི་བར་ཚིགས་སུ་བརྩི་བ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་གོང་དུ་སྤེལ་བ་དང་། ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག ཁུལ་ཨུའི་ལས་དོན་བཀོད་སྒྲིག་བཅས་དོན་འཁྱོལ་བྱེད་པའི“དྲིལ་སྒྲོག་པ”དང་། ལས་ཀའི་རིགས་ཁོངས་མང་ཚོགས་ཀྱི“མགྲིན་ཚབ་པ”བྱས་ཏེ། ཧུར་བརྩོན་ཆེན་པོས་དྲྭ་ཐོག་དང་དྲྭ་ཐོག་མ་ཡིན་པའི་བསམ་བློ་བརྗེ་རེས་ཀྱི་ཐབས་ཤེས་སྣ་ཚོགས་འཚོལ་ཞིབ་བྱས་ནས་ཏང་ཕྱིའི་ཤེས་ཡོན་པའི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། དཔལ་འབྱོར་སྤྱི་དབང་མིན་པའི་ཤེས་ཡོན་པ་དང་། སྤྱི་ཚོགས་ཀྱི་རིམ་པ་གསར་བའི་མི་སྣའི་དབར་གྱི་འབྲེལ་གཏུག་ཟབ་ཏུ་བཏང་སྟེ། རྔ་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གོང་དུ་སྤེལ་བར་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་དང་སེམས་པ་གཅིག་མཐུན་ཚད་མེད་བྱ་དགོས། རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་སྲིད་གྲོས་ཀྱི་ཉམས་འགྱུར་མངོན་པར་བྱ་དགོས། དུས་བསྟུན་འཕེལ་རྒྱས་ཀྱི་ཐོག་ནས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་དང་། འགན་སྒྲུབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། འགན་སྒྲུབ་ཐེག་བྱེད་གསར་གཏོད་དང་། ཁུལ་དང་རྫོང་མཉམ་འགུལ་ལ་ཤུགས་བསྣན་དགོས། སྐབས་སོ་སོའི་སྲིད་གྲོས་ཀྱིས་བསོགས་འོངས་པའི་བསམ་བློའི་རྒྱུ་ནོར་དང་ལས་ཀའི་ཉམས་མྱོང་བེད་སྤྱོད་གང་ལེགས་བྱས་ཏེ། ད་ཡོད་ཀྱི་རྨང་གཞིའི་སྟེང་རང་ངོས་ཀྱི་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་སྤྱོད་ཚུལ་གསར་བ་དང་བྱ་བ་གསར་བར་བརྟེན་ཏེ། དུས་རབས་གསར་བ་དང་འཐབ་ལམ་གསར་བའི་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་བཀའ་འགན་སྔར་བས་ཀྱང་ཐེག་པར་བྱ་དགོས།

ལིའུ་ཕིང་གིས་རེ་བ་བཏོན་དོན། ཁུལ་ཨུས་སྔར་བཞིན་སྲིད་གྲོས་ལས་དོན་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། སྲིད་གྲོས་ཀྱིས་འགན་ནུས་ལག་ཏུ་བསྟར་བ་དང་། ནུས་པ་འདོན་སྤེལ་བྱ་བར་ཧུར་བརྩོན་ཆེན་པོས་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ཡིན་ལ། ནུས་ཤུགས་ལྡན་པའི་འགན་སྲུང་མཁོ་སྤྲོད་བྱ་ངེས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་སྔར་བཞིན་བྱ་དགོས། ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱི་དུས་རབས་གསར་བར་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་བའི་སྐོར་གྱི་ཐབས་ཇུས་དགོས་འདུན་ལྟར། རང་རྟོགས་ངང་སྲིད་གྲོས་ལས་དོན་དེ་གྲོས་དོན་གལ་ཆེན་གྱི་ཉིན་རེའི་ལས་རིམ་ནང་བཞག་སྟེ། དུས་བཀག་བཞིན་སྲིད་གྲོས་ཏང་ཙུའུ་ཡི་ལས་ཀའི་སྙན་ཞུར་མཉན་པ་དང་། སྲིད་གྲོས་ལས་དོན་དུ་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བགྱིས་ཏེ། སྲིད་གྲོས་ཀྱི་ལས་དོན་སྤེལ་བར་ཁོར་ཡུག་དང་ཆ་རྐྱེན་བཟང་བོ་བསྐྲུན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་རང་མོས་ངང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱ་དགོས། སྲིད་གྲོས་ཀྱི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་དང་། ནན་ཏན་ཆེན་པོས་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པ། བསམ་འཆར་དང་གྲོས་གཞི་དང་ལེན་ཧུར་ཐག་བཅས་བྱས་ཏེ། ཏང་ཨུ་ཡིས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། ཕྱོགས་སོ་སོས་རམ་འདེགས། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པ་བཅས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་བཟང་བོ་ཇེ་བརྟན་ཇེ་ཟབ་ཏུ་གཏོང་དགོས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱི་མངགས་བཅོལ་ལྟར། སུང་ཉིང་གིས་ཚོགས་འདུའི་ཐོག་ཚོགས་འདུ་མཇུག་བསྒྲིལ་བའི་གཏམ་བཤད། ཁོང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོའང་ཡིན་པས། ད་ལོའི་སྲིད་གྲོས་ཀྱི་ལས་དོན་ཡག་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་འགན་འཁྲིར་གཟི་བརྗིད་འབར། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་བ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་དགོས་ལ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་དང་། ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། དམངས་དོན་ཡིད་ལ་འཆང་བའི་བརྩེ་བ་ཟབ་མོ། འགན་འཁྲི་ཕྲག་པར་ལེན་པའི་སེམས་ཤུགས་ཆེན་པོ་ལ་བརྟེན་ཏེ། ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་བས་ཞུ་བ་དང་། དུས་རབས་གསར་བའི་ཁུལ་བརྟན་ཁུལ་དར་གྱི་བྱ་གཞག་ཁྲོད་སྲིད་གྲོས་ཀྱི་འགན་ཁུར་མངོན་ཞིང་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས། ཁ་ཕྱོགས་གསལ་སྟོན་གྱིས་ཆབ་སྲིད་བཤད་དེ། ངོས་འཛིན་ཐུན་མོང་ཡོང་བར་ལེགས་སྐྱེས་འབུལ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་ཏུ་བསྒྲིལ་བ་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་བ་གཉིས་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་རོགས་དང་ངོས་འཛིན་ཐུན་མོང་གཅིག་གྲིལ་གྱི་ཕྱོགས་གཉིས་ལ་ཤུགས་སྣོན་པ་བཅས་མཐའ་འཁྱོངས་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གོང་དུ་སྤེལ་ཆེད། དམངས་འདུན་གྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ལ་ཤུགས་བསྣན་དགོས། ལྟེ་བར་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་ཆེན་པོ་འཁུར་དགོས། ཁུལ་ཨུའི་ལྟེ་བའི་ལས་དོན་གང་དུ་སྤེལ་ན། སྲིད་གྲོས་ཀྱི་འགན་སྒྲུབ་ཀྱང་དེ་རུ་འཐོན་པ་རྒྱུན་འཁྱོངས་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཐེངས་གསུམ་པ། ཐེངས་བཞི་བ་བཅས་ཀྱི“དེང་རབས་ཅན་ལྔ་ཡི་རྔ་ཁུལ”བསྐྲུན་རྒྱུ་དང་།  “ཐོན་ལས་ཆེན་པོ་བཅུ་ཡི་ཚོགས་སྤྱི”སྐྱེད་སྲིང་བྱ་རྒྱུ་དང་། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་སྣེ་ཁྲིད་དུ་བཟུང་ནས་ཡུལ་གྲོང་མཉམ་འདྲེས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་གལ་ཆེན་དང་མང་ཚོགས་རྣམས་ཀྱི་དོ་ཁུར་བྱ་བའི་དངོས་ཡོད་གནད་དོན་དང་འབྲེལ་བའི་སྐོར་ལ་དམ་པོར་དམིགས་ཏེ། ཞིབ་མོ་བློ་ཡིས་བརྗོད་གཞི་འདེམས་པ་དང་། ཤུགས་ཕྱོགས་གཅིག་ལ་འདོན་ནས་འབད་པ་ཆེན་པོས་ལྟ་བ་ཡོད་པ་དང་། གནད་ལ་འཁེལ་བ། བཀོལ་རུང་བ། དོན་འཁྱོལ་ཐུབ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཐབས་འདོན་སྲིད་རོགས་ཀྱི་གྲུབ་འབྲས་ཁག་ཅིག་གྲུབ་པར་བྱས་ཏེ། མུ་མཐུད་དུ་སྲིད་གྲོས་ལས་དོན་གྱིས་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ལེགས་སྐྱེས་འབུལ་ཚད་ཇེ་མཐོར་དགོས། ཐོག་མའི་བསམ་འདུན་བརྟན་སྲུང་དང་བཀའ་འགན་ལེགས་པར་ཁུར་ཏེ། དམངས་ལ་ཞབས་འདེགས་ཞུ་བར་དོན་དངོས་བསྒྲུབ་དགོས། མི་དམངས་ལྟེ་བར་བཟུང་བ་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་བསྒྲུབས་ཏེ། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་འདོན་ས་གལ་ཆེན་དུ་བརྩི་བ་དང་། འབྲེལ་གཏུག་གི་ཁྱབ་ཁོངས་ཆེ་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བའི་གོ་རིམ་ཡོངས་ལ་ཁྱབ་པར་བྱ་དགོས། མང་ཚོགས་ཀྱི་སྐད་ཆར་ལྷག་བསམ་ཟོལ་མེད་ཀྱིས་མཉན་པ་དང་། མང་ཚོགས་ཀྱི་དཀའ་སྡུག་ལ་ཐུགས་ཁུར་བཅོས་མིན་བྱེད་པ། མང་ཚོགས་རྣམས་ཀྱི་རེ་འདོད་དངོས་ཇི་བཞིན་གོང་ལ་བཤད་དེ། ཏང་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གི་ཟམ་པ་ལྟ་བུ་དང་། བརྟན་བརླིང་སྲུང་སྐྱོང་གི་ཕོ་ཉ་ལྟ་བུ་བྱས་ཏེ། ཏང་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། གསར་འབྱེད་གསར་གཏོད་ལ་བརྟེན་ནས་ལས་ཕྱོད་ཆེ་རུ་བཏང་སྟེ། རང་ངོས་འཛུགས་སྐྱོང་གི་ཐད་ནས་གཟུགས་བརྙན་བསྐྲུན་དགོས། རང་ངོས་གསར་བརྗེ་ཕོད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། “སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་གླེང་བྱང་བ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་བརྩི་བ། སྤྱོད་ལམ་ཡག་པའི”བླང་བྱ་གལ་ཆེན་ལག་བསྟར་གཟབ་ནན་བྱས་ཏེ། ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱི་དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་བའི་སྐོར་གྱི་འབྲེལ་ཡོད་དགོས་འདུན་ལག་བསྟར་དོན་འཁྱོལ་དང་། མུ་མཐུད་དུ་སྲིད་གྲོས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཡི་ལག་ལེན་མུ་མཐུད་ཕུན་སུམ་ཇེ་ཚོགས་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་གཏོང་དགོས།

ཚོགས་ཆེན་དུ་འབོད་སྐུལ་གནང་དོན། དུས་བཞིའི་མགོ་མ་དཔྱིད་ཀྱིས་བྱེད།། དོན་རྣམས་ལག་ལེན་དང་པོར་འཇོག། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་ཏུ་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གུང་རྔ་བ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། སྐྱིད་སྡུག་མཉམ་ཁུར་གྱིས་མདུན་སྐྱོད་དང་། འབད་བརྩོན་ལྷོད་མེད་ཀྱིས་ལེའུ་གསར་བ་འབྲི། འབད་པ་ཆེན་པོས་དེང་རབས་ཅན་གྱི་རྔ་ཁུལ་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་བ་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་ཕྱོགས་ཡོངས་ནས་བསྐྲུན་པར་སྲིད་གྲོས་ཀྱི་ཤེས་རབ་དང་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས། 

ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ་ཏོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1