2023ལོར་བོད་ལྗོངས་ཀྱི་ཡུལ་སྐོར་བ་དང་ཡོང་འབབ་གཉིས་ཀ་འཕར་འདུག

སྒྲིག་སྒྱུར། མིག་དམར་རྒྱ་མཚོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-10


བོད་ལྗོངས་ཀྱིས་བྱ་ཐབས་མང་པོ་མཉམ་དུ་བཟུང་ནས་ཡུལ་སྐོར་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་། སྤྱི་ལོ་2023ལོར་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5500ལས་བརྒལ་བར་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་650ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

བོད་ལྗོངས་གཞིས་རྩེར་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་59ཡོད་པ་རེད། སྤྱི་ལོ་2023ལོར། བོད་ལྗོངས་གཞིས་རྩེས་ཇོ་རིའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་མཉམ་ལས་ཁུལ་བཏོད་དེ་ཧི་མ་ལ་ཡའི་གྲོག་རོང་ལྔ་ཞེས་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་ཧུར་ཐག་བྱས་ཏེ། ཡུལ་སྐོར་བ་མི་ཐེངས་ཁྲི་ཆིག་སྟོང་ལས་བརྒལ་བར་སྣེ་ལེན་ཞུས་པ་རེད།

ཐབས་མང་མཉམ་བཟུང་གིས་ཡུལ་སྐོར་དཔལ་འབྱོར་སྟོབས་ཆེར་བཏང་ཞིང་། བོད་ལྗོངས་ཀྱིས་མེ་ཏོག་རྫོང་དང་། སྨར་ཁམས་རྫོང་། སྤོ་བོ་རྫོང་སོགས་ཡུལ་སྐོར་གྲགས་ཅན་རྫོང་ཁག་གཅིག་བཏོད་པ་དང་། རྒྱལ་ལམ་318དང་། རྒྱལ་ལམ་219སོགས་བོད་ལྗོངས་སུ་འགྲོ་འོང་བྱེད་སའི་གཞུང་ལམ་གཙོ་བོའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་བཏང་ཞིང་། དེས་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ནང་ཧུར་ཐག་ཞུགས་ཐུབ་པ་བྱུང་བ་མ་ཟད་ཡུལ་སྐོར་ལས་རིགས་ཀྱིས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་ཡོད། བོད་ལྗོངས་ཀྱིས་ད་དུང་སྒེར་འཁོར་བཏང་ནས་ཡུལ་སྐོར་དང་། བདག་མེད་སྲོག་ཆགས་དང་རྩི་ཤིང་ལ་ལྟ་རོལ་སོགས་མྱོང་རོལ་ཟབ་པའི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་དང་། དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ་སོགས་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་འདོན་རྒྱུ་ཡིན་པ་རེད། །


རྩོམ་ཡིག་སྔོན་མ།
༄༅།། ཕོ་བྲང་པོ་ཏ་ལ།
རྩོམ་ཡིག་རྗེས་མ།
༄༅།།ནཱ་ལེནྡྲ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1