རྔ་བ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ།
ལིའུ་ཕིང་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་། ཚའེ་ཆིང་ལི་དང་། ཏུའུ་ཧའེ་དབྱང་གྲོས་ཚོགས་སུ་ཞུགས།
ལི་ཝེ་གོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
སྤྱི་ཟླ་1ཚེས་10ཉིན་གྱི་སྔ་དྲོར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སོ་སོ་ལེགས་པར་གྲུབ་སྟེ་གཟི་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་མཇུག་སྒྲིལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གྲོས་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
ཚོགས་ཆེན་དུ་ཕེབས་དགོས་པའི་འཐུས་མི་279ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི་263ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལིའུ་ཕིང་དང་། ལི་ཝེ་གོ། ཚའེ་ཆིང་ལི། ཏུའུ་ཧའེ་དབྱང་། ལི་ཡུས་ལུང་། ཝང་ཆོན། པད་མ་བདེ་སྐྱིད། སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། སྨི་ཅན་ཁང་། ཀྲང་ཡའོ་ལུང་། ཚེ་སྐྱབས་བཅས་ཡིན།
ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པའི་ཁོངས་མི་དང་། ཁུལ་ཨུ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས། རྔ་བའི་དམག་ཁུལ་ཡན་ལག་ཁང་གི་འགོ་ཁྲིད་ལས་བྱེད་པ་དང་ཁུལ་རིམ་པ་དང་བོའི་སྐོར་ཞིབ་པ། ཁུལ་ཁྲིམས་གཅོད་ཁང་གི་ཁྲིམས་དཔོན། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྔ་བའི་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
ཚོགས་ཆེན་ལས་སྤྱིའི་འདེམས་ཤོག་ལྟ་སྐུལ་བ་དང་། འདེམས་ཤོག་ལྟ་སྐུལ་བའི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རང་མིང་མི་བཀོད་པའི་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱས་ཏེ། པདྨ་ནོར་བུ་དང་། ཏུང་ཡུང་ཧྥུ་གཉིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའ་རེན་གཞོན་པར་གསབ་བདམས་བྱས་པ་དང་། སྨི་ཅན་ཁང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་གསབ་བདམས་བྱས།
ཚོགས་ཆེན་ལས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་འཆར་གཞིའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་གཅོད་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་〈སི་ཁྲོན་ཞིང་ཆེན་གྱི་ལྗོངས་སྐོར་སྲོལ་ཡིག〉གི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འཁེལ་(བཟོ་བཅོས)ལག་བསྟར》དང་།《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རླན་སའི་སྲུང་སྐྱོང་སྲོལ་ཡིག་(བཟོ་བཅོས)》《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གནམ་གཤིས་སྲོལ་ཡིག་(འཆར་ཟིན)》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རྩ་ཁྲིམས་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་ནས། གསར་དུ་བདམས་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའ་རེན་གཞོན་པ་པདྨ་ནོར་བུ་དང་ཏུང་ཡུང་ཧྥུ། དྲུང་ཆེན་སྨི་ཅན་ཁང་བཅས་ཀྱིས་རྩ་ཁྲིམས་དམ་བཅའ་བཞག
ལིའུ་ཕིང་གིས་གསུང་བཤད་གནང་སྐབས་ཁུལ་ཨུའི་ཚབ་མཛད་ནས་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཚོགས་འདུའི་སྔ་གཞུག་ཀུན་ཏུ། འཐུས་མི་རྣམས་ཀྱིས་བློ་དཀར་གཞུང་དྲང་གིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་རླབས་པོ་ཆེ་ལག་བསྟར་བྱས་ཤིང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་མོ་དང་འགན་འཁུར་གྱི་ཆོད་སེམས་བརྟན་མོས་ལས་ཀའི་སྙན་ཞུ་6དང་ཁྲིམས་སྲོལ་གྱོད་དོན་3ལ་གྲོས་ཞིབ་ནན་གྱིས་བྱས་མཐར་གྲོས་འཆམ་བྱུང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམ་གྲོས་ཚོགས་ཐེངས་བཞི་བར་བཀོད་སྒྲིག་བྱས་པའི་དོན་དག་ཚང་མ་ཁྲིམས་ལུགས་གཏན་འཁེལ་གྱི་འགྲོ་རིམ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་དང་སྤྱོད་ལམ་དུ་བསྒྱུར། དེ་ནི་དེང་རབས་ཅན་གྱི་རྔ་ཁུལ་འཛུགས་སྐྲུན་གྱི་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་བྱ་བཞག་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་མཐའ་དག་ཆིག་སྒྲིལ་བྱེད་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ།
ལིའུ་ཕིང་གིས་བསྟན་དོན། 2023ལོར་ཕྱིར་མིག་ཅིག་བལྟས་ན། དཔལ་འབྱོར་རྒྱུན་མཐུད་ངང་མར་འགྲིབ་པ་དང་། རིམ་སྤར་སླར་གསོ་དལ་ལྷོད་ཡིན་པ། འཐབ་ཕྱོགས་དུ་མར་གདོང་གཏོད་པ་སོགས་ཀྱི་གཉན་འཕྲང་གི་གནས་བབ་དེ་འདྲ་ཞིག་ཏུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་མཐིལ་ཕྱིན་པ་བྱས་ཤིང་། ཁུལ་ཨུའི་ཅན་བཞི་མཉམ་འགྲོས་དང་ཡུལ་གྲོང་མཉམ་འདྲེས། ཁུལ་ལྔ་མཉམ་དར་བཅས་ཀྱི་འཕེལ་རྒྱས་ཐབས་ཇུས་ལག་བསྟར་ཏན་ཏིག་བྱས། སྟོབས་ཤུགས་ཡོད་དགུས་ཀུན་སྤྱོད་ལེགས་བསྒྱུར་དང་། དཔལ་འབྱོར་བརྩོན་ལེན། འཛུགས་སྐྲུན་རྒྱུན་སྐྱོང་། དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག མཐའ་ཐིག་བརྟན་སྲུང་། དོན་ཆེན་རྣམ་ལྔར་དམ་འཛིན་ཆེས་ཆེར་བྱེད་པ། ལྟེ་བའི་ལས་དོན་བཅུ་བོ་གཅིག་གྱུར་འཆར་འགོད་ཀྱིས་སྤེལ་བ་བཅས་བྱས་ཏེ། དུས་རབས་གསར་བའི་ཁུལ་བརྟན་ཁུལ་དར་གྱི་བྱ་བཞག་ལ་དགའ་འོས་པའི་གྲུབ་འབྲས་གསར་བ་བླངས། ལྷག་པར་དུ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་དང་དེའི་རྒྱུན་ཨུ། རྒྱ་ཆེའི་དམངས་འཐུས་ཀྱི་འཐུས་མི་རྣམས་ཀྱིས་ཁུལ་ཨུའི་ལྟེ་བའི་ལས་ཀར་དམ་པོར་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་ནུས་གཙང་སྒྲུབ་བྱས་ཏེ། ལས་གང་ལ་ཡང་ཧུར་ཐག་གིས་བསམ་གཞིག་དང་ལག་ལེན་ཡོད་པ། གོ་རིམ་དང་འབྲས་བུ་ལྡན་པའི་ངང་ནས། ཁྲིམས་འཛུགས་ལས་དོན་སྔར་ལས་ལྷག་པའི་ནུས་ལྡན་དང་། ལྟ་སྐུལ་ལས་དོན་སྔར་ལས་ལྷག་པའི་སྤུས་གཙང་། འཐུས་མིའི་ལས་དོན་སྔར་ལས་ལྷག་པའི་ཇེ་ལེགས། རང་ངོས་འཛུགས་སྐྲུན་སྔར་ལས་མཐོར་འདེགས་བཅས་བྱུང་སྟེ། ཁུལ་བརྟན་ཁུལ་དར་གྱི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག
ལིའུ་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་དམངས་འཐུས་དང་དེའི་རྒྱུན་ཨུ་ཁང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འབྲེལ་ལམ་གཙོ་བོའི་ནུས་པ་བླ་ལྷག་ངང་འདོན་སྤེལ་བྱེད་དགོས་ཤིང་། གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོའི་གཞི་རིམ་ལག་ལེན་གསར་སྐྲུན་གྱི་བྱ་བཞག་ཁྲོད་དུ་སྣེ་ཁྲིད་པ་དང་དཔེ་སྟོན་པ་བྱེད་དགོས། གཞི་རིམ་དམངས་གཙོའི་སྡེ་ཚན་བསྐྲུན་པར་ཤུགས་བཏོན་ནས། དམངས་གཙོའི་ཁྲིམས་འཛུགས་ཀྱི་བྱ་བཞག་གོ་རིམ་ལྡན་པར་སྤེལ་དགོས་ཤིང་། དམངས་གཙོའི་གྲོས་ཆོད་གཏན་འབེབས་ཧུར་ཐག་ངང་སྐུལ་སྤེལ་བྱེད་དགོས།
ལིའུ་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། རྔ་ཁུལ་གྱི་འཕེལ་རྒྱས་ནི་བགྲོད་ལམ་གསར་བ་ཞིག་གི་མཚམས་སུ་སླེབས་ཡོད་ཅིང་། གོ་སྐབས་གལ་ཆེན་དང་འཕེལ་རྒྱས་ཀྱི་མཐུན་རྐྱེན་མང་བོ་ཞིག་གི་མདུན་དུ་གནས་པ་དང་། ཕྱོགས་ཡོངས་ནས་རྒྱུ་སྤུས་དང་མྱུར་ཚད་མཐོར་འདེགས་གཏོང་བའི་རྨང་གཞི་དང་ཆ་རྐྱེན་འཛོམས་ཡོད། དེ་བས་ངེས་པར་དུ་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཚུལ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་། ཆུ་ཚད་སྔར་ལས་མཐོ་བ། རིམ་པ་སྔར་ལས་མཐོ་བའི་ཕྱོགས་སུ་གོམ་སྟབས་བསྒྱུར་དགོས། རིམ་པ་སོ་སོའི་དམངས་འཐུས་དང་དེའི་རྒྱུན་ཨུ་ཁང་གིས་ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་དགོས་ཤིང་། དམངས་འཐུས་ཀྱི་སྟོབས་ཤུགས་ཆིག་སྒྲིལ་དང་། དམངས་འཐུས་ཀྱི་བྱས་རྗེས་གསལ་སྟོན། དམངས་འཐུས་ཀྱི་སྤྱོད་བཟང་མངོན་པ་བཅས་བྱེད་དགོས་ལ། བགྱི་བ་དོན་གཉེར་གྱི་འབྲས་བུ་ཕུལ་ཏེ་རྩ་འཛུགས་དང་དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱ་བཞག་བསྒྲུབ་དགོས། ཆབ་སྲིད་ནུས་པ་སྦྱོང་བརྡར་གྱི་ཁྲོད་དུ་ཉམས་འགྱུར་གསར་བ་མངོན་དགོས་ལ། ཁྲིམས་མཐུན་འགན་ནུས་ལག་བསྟར་ཁྲོད་དུ་ཕན་འབྲས་གསར་བ་ལེན་དགོས། ལྟེ་བའི་ཁྱོན་ལ་ཞབས་ཞུའི་ཁྲོད་དུ་བྱས་རྗེས་གསར་བ་འཇོག་དགོས། མང་ཚོགས་འཚོ་ཕན་གོང་འཕེལ་གྱི་ཁྲོད་དུ་འགན་འཁྲི་གསར་བ་ཁུར་དགོས། ལས་ཁུངས་རྣམ་བཞི་འཛུགས་སྐྲུན་གྱི་ཁྲོད་དུ་རྣམ་འགྱུར་གསར་བ་བཞེང་དགོས།
ལིའུ་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་ཀ་ནི་ཏང་གི་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་རེད། ཁུལ་ཨུས་ཁྱོན་ཡོངས་ལ་བཀོད་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཁྲིམས་ལྟར་འགན་ནུས་བསྒྲུབ་པ་དང་། ལས་ཀ་བསྒྲུབ་པ། ནུས་པ་འདོན་སྤེལ་བཅས་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བྱ་དགོས་ཤིང་། རིམ་པ་ཁག་གི་ཏང་ཨུས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བསམ་བློའི་ངོས་ནས་མཐོང་ཆེན་དང་། ལས་ཀའི་ཐད་ནས་ཡིད་ཆེས། ཐབས་ཇུས་ཀྱི་ཐད་ནས་བརྩི་འཇོག་བཅས་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། སྲིད་གཞུང་གཅིག་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཅིག ཁྲིམས་ཁང་གཉིས་བཅས་ཀྱིས་རང་རྟོགས་སྒོས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་དང་ཆོད་དོན་ལག་བསྟར་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་ལྟ་ཞིབ། ཁྲིམས་འཛིན་དྲང་གཞག་བཅས་ཀྱི་ཆུ་ཚད་ཇེ་ལེགས་སུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་འཐུས་མིའི་གྲོས་གཞི་དང་གྲོས་མགོ་ལག་བསྟར་ནན་མོ་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ལས་ཀ་བསྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་རླབས་པོ་ཆེ་ནན་གྱིས་འཁུར་དགོས་ལ། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཨུའི་འཆར་གཞི་དང་། སྲིད་གཞུང་གི་ལས་ཀ མི་དམངས་ཀྱི་རེ་འདུན་བཅས་གཅིག་གྱུར་གང་ལེགས་བྱས་ནས། མི་དམངས་ཀྱི་ཚབ་ཏུ་སྐད་ཆ་བཤད་པ་དང་། མི་དམངས་ཀྱི་ཆེད་དུ་ལས་འགན་བསྒྲུབ་པ། མི་དམངས་ལ་ཞབས་ཞུ་བསྒྲུབ་པ་བཅས་ཀྱི་ལས་ཀའི་ཁྲོད་ནས་རིན་ཐང་མངོན་པ་དང་བྱས་རྗེས་འཇོག་དགོས།
ལི་ཝེ་གོ་ཡིས་ཚོགས་ཆེན་མཇུག་སྒྲིལ་བའི་གསུང་བཤད་གནང་སྐབས་བསྟན་དོན། གྲོས་ཚོགས་འཚོགས་པའི་རིང་ལ། འཐུས་མི་རྣམས་ཀྱིས་ཐོག་མའི་སེམས་འདུན་ཡིད་ལ་བཅངས་ནས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མ་བཏང་བར་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འགན་འཁྲིའི་འདུ་ཤེས་ཆེན་པོ་དང་། ལྷག་བསམ་རྣམ་དག་གིས་ལས་འགན་བསྒྲུབ་པ་དང་ཁྲིམས་ལྟར་དབང་ཆ་བཀོལ་ནས། ལས་ཀའི་སྙན་ཞུ་ཁག་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། འདེམས་བསྐོའི་ལས་འགན་བདེ་བླག་ངང་བསྒྲུབས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཤུགས་གསལ་བར་མངོན་ཡོད།
ལི་ཝེ་གོ་ཡིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་འབད་འབུངས་ཡར་བརྩོན་གྱི་རྣམ་འགྱུར་དང་། དུས་ཚོད་དམ་འཛིན་བྱེད་པའི་འདུ་ཤེས་ལ་བརྟེན་ཏེ། ཁྲིམས་ལྟར་འགན་འཁྲི་དང་དབང་ཆ་ལག་བསྟར་བྱས་ནས། གོམ་པ་རིམ་བགྲོད་ཀྱིས་ཁུལ་ཨུའི་འཆར་འགོད་ཡག་པོ་དེ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་ལག་ལེན་དངོས་ལ་བསྒྱུར་དགོས་ཤིང་། ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་འགན་ནན་མོ་ཁུར་བ། བྱ་གཞག་ལ་འགན་ནན་མོ་ཁུར་བ། སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བཅས་བྱ་དགོས།
ཁུལ་སྲིད་གཞུང་དང་། ཁུལ་སྲིད་གྲོས་ཀྱི་དྲུང་ཆེན། ཁུལ་ཨུ། ཁུལ་སྲིད་གཞུང་གི་དྲུང་ཆེན་གཞོན་པ། ཁུལ་ལྟ་ཞིབ་ཨུ། ཁུལ་ཁྲིམས་གཅོད་ཁང་། ཁུལ་ཞིབ་དཔྱོད་ཁང་གི་འགན་འཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་གི་འགན་འཁུར་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་འཁུར་བ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་དོན་སྡེ་ཁག་གི་འགན་འཁུར་བ། ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི། མངག་སྡོད་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་དང་ཁུལ་གཉིས་ཀྱི་འགོ་ཁྲིད་གཅིག་ལྕོགས་བྱེད་པའི་ལས་ཁུངས་ཀྱི་འགན་འཁུར་བ། ཁུལ་ནང་གི་ཁེ་ལས་ཁག་ཅིག་གི་འགན་འཁུར་བ། ཁུལ་དུ་སྡོད་པའི་རྒྱལ་ཡོངས་དང་ཞིང་ཆེན་གྱི་དམངས་འཐུས་འཐུས་མི། རྫོང(གྲོང་ཁྱེར)ཁག་གི་བོད་སྐྱོར་ལས་བྱེད་པའི་སྣེ་ཁྲིད་མཁན། རྫོང(གྲོང་ཁྱེར)ཁག་གི་རོགས་སྐྱོར་ལས་བྱེད་པའི་འགན་འཁུར་བ་བཅས་ཚོགས་ཆེན་དུ་ཟུར་ཞུགས་བྱས། །