༄༅།།རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་བ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ་ལས་དྲངས། སྤེལ་དུས། 01-17


ཉེ་ཆར། རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི2023ལོའི་ཀྲུང་གོའི་སི་ཁྲོན་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཁྲུན་ཞི་ལམ་ཐང་ཆེན་དུ་སྤེལ་བ་དང་། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ལས་རོང་བྲག་གི་མཛེས་མ་དང་མཛེས་ལྗོངས། མཛེས་དངོས་བཅས་གཅིག་སྡུག་ཐོག་འགྲེམ་སྟོན་བྱས་པ་རེད། ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་དང་དཀར་མཛེས་ཁུལ་རིག་གནས་དང་རྒྱང་བསྒྲགས་ཡུལ་སྐོར་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་འོས་སྦྱོར་ཚོགས་འདུར་ཞུགས་ཡོད་པ་རེད།

ཟླ་འདིའི་ཚེས26ལ་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་རྒྱུ་རེད།   རོང་བྲག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ལི་དབྱིང་གིས་ཤིས་ཚིག་འབུལ་སྐབས་རོང་བྲག་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཀྲུང་གོའི་སི་ཁྲོན་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་གྱི་ལོ་རྒྱུས་འབྱུང་ཁུངས་ངོ་སྤྲོད་བྱས་པ་དང་། སྤྱི་ཟླ10པའི་ཚེས26ཉིན་ལ2023ལོའི་ཀྲུང་གོའི་སི་ཁྲོན་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་གྱི་སྟོན་དུས་མཛེས་མ་འདེམས་པའི་བྱེད་སྒོ་དེ་བྲག་སྟེང་ཡུལ་ཤོག་ཁྱུང་རི་སྡེ་བར་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། སྐབས་དེ་དུས་རིག་རྩལ་འཁྲབ་སྟོན་དང་མཛེས་མ་ལུང་པའི་བུད་མེད་མཛེས་མ་འདེམས་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་མྱོང་རོལ། སྟོན་དུས་པར་ལེན་བཅས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་རྒྱུ་རེད།ཟླ་འདིའི་ཚེས26ལ་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་རྒྱུ་རེད།

     འོས་སྦྱོར་བྱེད་སྒོའི་ཡུལ་དངོས་སུ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་པར་གཞི་དང་། ལྗོངས་རྣམ་གླུ་བྲོ་འཁྲབ་སྟོན། གླུ་གར་དང་དེ་བཞིན་གཟུགས་མེད་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་སོགས་བརྒྱུད་དེ། ཡུལ་སྐོར་བས་རོང་བྲག་གི་སྟོན་དུས་ཀྱི་ཡུལ་སྐོར་ཐོན་རྫས་ལ་སྔར་བས་རྒྱུས་ལོན་ཐུབ་ཡོད།

ཟླ་འདིའི་ཚེས26ལ་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་རྒྱུ་རེད།

   རོང་བྲག་རྫོང་གིས་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་གཉེར་བའི་གོམས་སྲོལ་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མ་མཐར་ཡང་ཐང་སུང་དུས་སྐབས་སུ་ཁུངས་འདེད་བྱེད་ཆོག་གི་ཡོད། སྔ་ཤོས་ནི་མི་རྣམས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་ཆེད་སྤེལ་བའི་རྟེན་འབྲེལ་བྱེད་སྒོ་ཞིག་རེད། བྱེད་སྒོའི་ནང་དོན་གཙོ་བོ་ནི་ཆང་གང་ཞིམ་རྩོད་པ་དང་སྐོར་བྲོ་འཁྲབ་པའི་འགྲན་སྡུར། ལ་གླུ་དང་མཛའ་གཞས་ལེན་རེས། མཛེས་མ་དཔྱད་འདེམས། དམངས་ཁྲོད་ཀྱི་གཞས་གཏམ་དང་རྩལ་རྩེད་སོགས་ཚུད་ཡོད་པ་རེད།

ཟླ་འདིའི་ཚེས26ལ་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་རྒྱུ་རེད།

ཟླ་འདིའི་ཚེས26ལ་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་རྒྱུ་རེད།

   ད་ལོར་ཐོག་མའི་མང་འདེམས་དང་འགྲན་སྡུར་ཐེངས་མང་བརྒྱུད་རྗེས་བུད་མེད་མཛེས་མ61ཡོད་པ་ལས་སྐབས་འདིའི་གསེར་གྱི་མེ་ཏོག་དང་དངུལ་གྱི་མེ་ཏོག། སེ་འབྲུ་མེ་ཏོག་གསུམ་བཅས་གདམ་རྒྱུ་ཡིན་པར་མ་ཟད། སོ་སོ་ལ་བྱ་དགའ་སྒོར་ཁྲི20དང་ཁྲི10དང་། ཁྲི5སྤྲད་རྒྱུ་རེད།།

ཟླ་འདིའི་ཚེས26ལ་རྒྱལ་རོང་བོད་ཀྱི་དམངས་སྲོལ་དུས་ཆེན་བསུ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1