རྔ་བ་ཁུལ་གྱིས་2024ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་མ་དུ་སྐྱེལ་བ་གསུམ་དང་ཁྲིམས་ལུགས་སྲིད་ཇུས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-30


སྤྱི་ཟླ་1ཚེས་23ཉིན། རྔ་བ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་མཉམ་དུ་ཞུགས་པའི་རྔ་བ་ཁུལ་གྱི་2024ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་སྐྱེལ་བ་གསུམ་དང་ཁྲིམས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཆུ་ཆེན་རྫོང་གསལ་ཡུལ་ཚོའི་གསལ་གྲོང་ཚོ་རུ་མགོ་བརྩམས་ཡོད། བྱེད་སྒོ་རུ་བདེ་ཐང་འོས་འགན་སྨན་བཅོས་དང་། ཚན་རིག་རྒྱུན་ཤེས་དྲིལ་བསྒྲགས་ནང་མིའི་མཉམ་པར་རྒྱག་པ་སོགས་ཀྱི་བྱེད་སྒོ་མང་པོར་རྒྱ་ཆེའི་མང་ཚོགས་མཉམ་དུ་ཞུགས་ཏེ། བསམ་པའི་དཔལ་ཡོན་དང་ཚན་རྩལ་གྱི་དཔལ་ལ་ལོངས་སུ་སྤྱད་པ་རེད།

གཞི་རིམ་དུ་བསྐྱོད་པ་གསུམ་གྱི་བྱེད་སྒོ་དེས་དྲོལ་ཁོལ་ཞིང་གྲོང་དུ་སྐྱེལ་བ་དང་། ཚན་རྩལ་ཞིང་ཁར་བསྐྱལ་ནས། རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བ་མ་ཟད། ཞིང་གྲོང་གི་གཞི་རིམ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1