ཞིང་ཆེན་དང་ཁུལ། རྫོང་བཅས་གོང་རིམ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མེ་སྐྱོན་སྔོན་འགོག་ལས་དོན་ལེགས་སྤེལ་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས། དུས་བདེ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་ཆེད། མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོས་ཇུས་མང་མཉམ་སྤྱོད་ཀྱིས་དུས་ཆེན་སྐབས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ལ་དམ་འཛིན་གང་ལེགས་བྱས།
རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ནས། འགན་འཁྲི་གསལ་འདོན་གྱིས་ལས་དོན་ལེགས་པོ་སྒྲུབ་བཞིན་དྲ་བའི་འགན་འཁྲིའི་ལམ་ལུགས་བཙུགས། དྲ་རྒྱ་ཆེ་བ་8དང་ཆུང་བ་75འཐུས་ཚང་དུ་བཏང་སྟེ་དྲ་བའི་འགན་འཁྲི་ཇེ་ནན་དུ་བཏང་། སྐྱེ་ཁམས་ཁོར་སྲུང་བར་ཁོངས་གཏོགས་ཁུལ་གྱི་འབྲོག་ཁུལ་སོགས་གཙོ་གནད་ཁུལ་དུ་ཉིན་རེར་སྐོར་ཞིབ་བྱེད་པར་སྐུལ་སློང་བྱས།
དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། དྲིལ་སྒྲོག་རླངས་འཁོར་བརྒྱུད་དུས་ལྟར་བོད་རྒྱ་སྐད་ཡིག་གཉིས་ཀྱི་ལམ་ནས་མེ་འགོག་ཤེས་བྱ་སྤྱི་བསྒྲགས་བྱས་ཏེ། འཕྲེད་འགེལ་ཡིག་དར་2དང་སྒྲོག་ཤོག་15སྦྱར། སྒྲོག་ཡིག་100ལྷག་བཀྲམ། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དང་ཉེན་ཟོན་གྱོད་དཔེ་20ལྷག་ཙམ་བརྒྱུད་བསྐུར་བྱས་ཏེ། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་ བསྒྲགས་བྱས་པས་མང་ཚོགས་ཀྱི་མེ་འགོག་འདུ་ཤེས་ཇེ་ཟབ་ཏུ་བཏང་།
མེ་ཁུངས་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། ཕྱི་རོལ་གྱི་མེ་ཁུངས་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་ཤོག་སྦག་སྤར་བ་དང་བསང་མཆོད་འབུལ་བྱེད་པ་སོགས་ལ་ལྟ་སྡོམ་བྱེད་མི་བཀོད་སྒྲིག་བྱས། མེ་འཁྱེར་ནས་ནགས་ཁུལ་དང་རྩྭ་ཐང་དུ་བསྐྱོད་རྒྱུ་གཏན་འགོག་བྱས་ནས། གཙོ་གནད་ས་ཁོངས་སུ་སྐོར་ཞིབ་བྱས་ཏེ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་མེད་པར་བཟོས།
མཁོ་བསྟུན་གྲ་སྒྲིག་ལེགས་པོ་བྱེད་པ། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། དུས་ལྟར་མེ་གསོད་ཡོ་ཆས་སྲུང་སྐྱོབ་དང་ཉམས་གསོ་བྱས་ནས། མེ་སྐྱོན་བྱུང་སྐབས་མགྱོགས་མྱུར་ངང་ཐག་གཅོད་ནུས་ལྡན་ཐུབ་པར་འགན་ལེན་བྱས།
ལས་རེས་ལས་སྲུང་ལ་ཤུགས་སྣོན་བྱེད་པ། མེ་འགོག་སོ་ལྟ་ཆུ་ཚོད་24ཡི་ལས་རེས་ལམ་ལུགས་ལག་བསྟར་བྱས་ཏེ་ཆ་འཕྲིན་དུས་ལྟར་སྒྲོག་ཐུབ་པ་དང་མེ་སྐྱོན་གནས་ཚུལ་འཕྲལ་མར་ཤེས་རྟོགས་ཐུབ་པར་བྱས། གྲོང་སྡེ་ཨུ་ལྷན་གྱིས་ལས་རེས་རྩིས་ཁྲ་བཟོས་ནས་ལས་རེས་ལམ་ལུགས་ཁ་གསལ་བཟོས་ཏེ། ཡུལ་ཚོའི་སྒྲིག་ཨུས་གྲོང་སྡེའི་ལྟ་ཞིབ་ཨུ་ལྷན་དང་མཉམ་འབྲེལ་སྒོས་བརྙན་ལམ་ལྟ་ཞིབ་དང་ཡུལ་དངོས་ལྟ་ཞིབ་ཟུང་འབྲེལ་གྱི་ཐབས་ལམ་བརྒྱུད། ལས་རེས་མི་སྣའི་ལས་རེས་དུས་ཚོད་རིང་གི་ལས་ཞུགས་ཀྱི་གནས་ཚལ་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། །