མཛོད་དགེ་རྫོང་གི་སྲིད་དོན་ཞབས་ཞུའི་ཐོག་ཁང་ཆེན་མོ་སྤྱི་ཟླ་3ཚེས་11ཉིན་དངོས་སུ་སྤྱོད་མགོ་བརྩམས་པ་རེད། ཁོད་ཡངས་པའི་ཚོམས་ཆེན་དང་དྲོ་སྐྱིད་ལྡན་པའི་རིག་ནུས་ཀྱི་ཞབས་ཞུའི་ལས་སྟེགས། གྲ་འགྲིག་པའི་ཕྱོགས་བསྡུས་འདྲི་རྩད་མ་ལག །སྤྲོ་གསེང་ཇ་ཁང་། མ་བུ་ཁང་། རང་འདེམས་དྲ་རྒྱའི་ལས་སྒྲུབ་སྟེགས་བུ་སོགས་ལས་ཕན་འབྲས་ཆེ་ལ་སྟབས་བདེ་བསྐྲུན་པའི་འདུ་ཤེས་ལེགས་པར་མངོན་ཐུབ།
རིག་ནུས་སྲིད་དོན་ཚོམས་ཆེན་གསར་པས་ཕྱོགས་བསྡུས་ལས་སྟེགས་དང་སྡེ་ཁག་ཆེད་དོན་ལས་སྟེགས་ཟུང་འབྲེལ་གྱི་ལམ་ནས། སྲིད་འཛིན་ཞིབ་མཆན་གྱི་ཕྱོགས་བསྡུས་ལས་སྟེགས་དང་སྣ་འཛོམས་ལས་སྟེགས། ཁྱད་ལྡན་ཞབས་ཞུའི་ལས་སྟེགས་བཅས་བསྐྲུན་ནས་མིག་སྔར་མང་ཚོགས་ལ་སྒོ་མོ་ཕྱེ་ཡོད། གཏན་འཇགས་རྒྱུ་ནོར་(ཐོ་འགོད)དང་ཁྲལ་དོན། སྨན་བཅོས་འགན་བཅོལ། སྤྱི་ཚོགས་འགན་བཅོལ། དམངས་སྲིད། ཁྱིམ་ཐོ་ལས་སྒྲུབ། རྒྱལ་མཚམས་འགྲོ་འོང་། ཆུ་གློག་སོགས་ཞབས་ཞུའི་ལས་སྟེགས་ཡོད། རིག་ནུས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ལས་དོན་མི་སྣས་ལས་སྒྲུབ་མཉམ་འདྲེས་ཀྱི་ལམ་ནས་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་བཏང་། ཕྱོགས་བསྡུས་གཞི་གྲངས་འཆར་ཤེལ་མ་ལག་བཀོད་སྒྲིག་བྱས་ནས། མང་ཚོགས་ལ་གྲལ་སྒྲིག་ནས་ལས་དོན་སྒྲུབ་པ་དང་རིག་ནུས་ཁག་བགོས། ཐོན་ཁུངས་བཀོད་སྒྲིག་བཅས་ཀྱི་ཆ་འཕྲིན་འདེགས་སྐྱོར་བྱས་ཏེ། གྲངས་གཞི་ཅན་དང་རིག་ལྡན་སྲིད་དོན་བརྒྱུད་རིམ་ཧྲིལ་པོར་མངོན་འགྱུར་བྱུང་།
སྲིད་དོན་ཞབས་ཞུའི་ཚོམས་ཆེན་གསར་པས་ད་དུང་བྱ་སྒྲུབ་མི་ཐུབ་པའི་སྐོར་ལ་བསམ་འཆར་འདོན་པའི་ལས་སྟེགས་བསྐྲུན་ཡོད། ཁེ་ལས་མང་ཚོགས་ཀྱི་བྱ་བ་སྒྲུབ་མི་ཐུབ་པའི་ཞན་ཆ་དང་གནད་དོན། རེ་ཞུ་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཁེ་ལས་མང་ཚོགས་ལ་མཐའ་སྐྱོང་དང་དྲོ་སྐྱིད་སྦྱིན་པའི་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། ཡུལ་དངོས་ནས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས། གཞན་རིན་མི་དགོས་པར་དཔྱད་གཞི་བསྐྱར་པར་ཆས་བཀོད་སྒྲིག་བྱས་ཏེ། དངོས་ནས་མང་ཚོགས་འགྲོ་ཐེངས་གཅིག་གིས་བྱ་བ་དང་ཁྲལ་དོན་ལེགས་སྒྲུབ་བྱ་རྒྱུ་མངོན་འགྱུར་བྱུང་།
མིག་སྔར་ལྟེ་གནས་སུ་སྲིད་འཛིན་ཞིབ་མཆན་སྡེ་ཁག་13ཡོད་པ་དང་། སྲིད་འཛིན་ཞིབ་མཆན་དོན་ཚན་དང་སྤྱི་པའི་ཞབས་ཞུའི་དོན་ཚན་140བདག་སྤྲོད་དང་ཐག་གཅོད་བྱེད་ཐུབ། སྡེ་ཁག་གཞན་གྱི་ལས་དོན་མི་སྣ་དང་ལས་དོན་ཟླ་3པའི་ཟླ་མཇུག་ལ་བཀོད་སྒྲིག་བྱེད་ཐུབ། དུས་མཚུངས་ཆུ་ཚོད་24རིང་གི་ཞབས་ཞུའི་ཁུལ་དང་ཆུ་ཚོད་24རིང་གི་དངུལ་ལེན་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་དམངས་ལ་སྟབས་བདེ་བསྐྲུན། །