སྦྱོང་བརྡར་བརྒྱུད་ནས་གེགས་འགོག་གནོད་སེལ་བྱེད་པ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-29


མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་གང་ལེགས་སྒྲུབ་ནས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་འཐུས་ཚང་དང་། ནགས་ཚལ་མེ་སྐྱོན་ཐག་གཅོད་ཀྱི་ཕྱོགས་བསྡུས་ནུས་པ་དང་མང་ཚོགས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས། ནགས་ཚལ་རྩྭ་ཐང་གི་མེ་འགོག་ལས་དོན་དམ་འཛིན་སྒོས་སྟེས་དབང་གི་བསམ་བློ་དང་སྒྱིད་ལུག་གི་རྣམ་འགྱུར་ཁྱད་བསད་བྱས་ཏེ་གདེང་ཚོད་ཡོད་པའི་སྒོ་ནས་སྟ་གོན་གང་ལེགས་བྱ་ཆེད། ཉེ་ཆར། ཆོས་རྗེ་ཡུལ་ཚོས་ནགས་ཚལ་རྩྭ་ཐང་གི་མེ་འགོག་འཕྲལ་སྡོམ་སྦྱོང་བརྡར་ལས་སྒོ་སྤེལ།

ཡུལ་ཚོ་ཡོངས་ཀྱི་ཞོར་ལས་མེ་གསོད་རུ་ཁག་དང་དཔལ་སྐྱིད་མེ་གསོད་སྤྱི་ཁྱབ་ས་ཚིགས། སྐྱེ་ཁམས་ནགས་སྲུང་པ་བཅས་ཀྱི་འཐུས་ཚབ་ཁྱོན་མི་220ལྷག་སྒྲིག་འཛུགས་བྱས་ཏེ། རླངས་འཁོར་4དང་ཆུ་འཐེན་འཕྲུལ་འཁོར་4། མེ་གསོད་ཆུ་སྦུག་སྨི་200ཅན་བཅས་བཀོད་སྒྲིག་བྱས་ཏེ་སྦྱོང་བརྡར་ལས་སྒོ་སྤེལ། མེ་གསོད་སྦྱོང་བརྡར་ཁྲོད་ནགས་ཚལ་ལ་མེ་སྐྱོན་བྱུང་བར་ལད་མོ་བྱས་ཏེ། མེ་གསོད་ཉེན་བརྡ་དང་ལེན་དང་མེ་གསོད་སྟོབས་ཤུགས་གཅིག་བསྡུས། སྒྲིག་ཆས་བཀོལ་སྤྱོད་སོགས་འཕེལ་རིམ་གསལ་སྟོན་བྱས། སྦྱོང་བརྡར་གྱི་ཡུལ་དངོས་སུ་ལས་དོན་མི་སྣས་ཆུ་འཐེན་འཕྲུལ་འཁོར་ཡང་ཡང་བཀོལ་ནས། ཞོར་ལས་མེ་གསོད་རུ་མིས་ཡང་དག་ངང་བེད་སྤྱོད་ཐུབ་པར་འགན་ལེན་བྱས། དེར་མ་ཟད་མེ་གསོད་རླངས་འཁོར་སོགས་ཡོ་ཆས་ལ་བདག་སྐྱོང་བྱེད་ཚུལ་གསལ་པོར་སྟོན།

སྦྱོང་བརྡར་གོ་རིམ་ལྡན་ལ་དམིགས་སའི་རང་བཞིན་ཆེ་བ། ནུས་ཐོན་རང་བཞིན་ཆེ་བ། སྦྱོང་བརྡར་དུ་ཞུགས་མཁན་རྣམས་ཀྱིས་ལག་ལེན་དུ་བསྟར་ནས་ལག་རྩལ་ལ་བྱང་ཆ་ཡོད་པ་བྱས་ཏེ་ཉེན་འགོག་མེ་གསོད་ཀྱི་ནུས་པ་ཆེ་རུ་བཏང་། རྗེས་ཕྱོགས་ཆོས་རྗེ་ཡུལ་ཚོས་ཐེངས་འདིའི་འཁྲབ་སྦྱོང་ལ་གཞིགས་ནས། ཉམས་མྱོང་ཕྱོགས་སྡོམ་དང་ཞན་ཆ་སེལ་ནས་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ལ་དམ་འཛིན་བྱེད་ངེས། མེ་འགོག་བྱ་ཐབས་དོན་འཁྱོལ་སྒོས་སྦྱོང་བརྡར་ལ་བརྟེན་ནས་རྩལ་ནུས་ཆེ་རུ་གཏོང་བ་དང་། ནགས་ཚལ་རྩྭ་ཐང་གི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1