འདི་ནི་སྐབས་བཅོ་བརྒྱད་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན།
སྤྱི་ཟླ་4བའི་ཚེས་15ཉིན། “རི་མགོ་ཆུ་ཁུངས·རབ་མཛེས་མཚོ་སྔོན”དཔྱིད་དུས་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་དང་མཚོ་ལྷོ་ཁྲི་ཀའི་སྐབས་བཅོ་བརྒྱད་པའི་འབྲི་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་མགོ་ཚུགས།
རྒྱུས་ལོན་ལྟར་ན། ཐེངས་འདིའི་བྱ་འགུལ་ཟླ་5བའི་ཟླ་སྨད་བར་དུ་སྤེལ་རྒྱུ་ཡིན་པས། རིག་རྩལ་འཁྲབ་སྟོན་དང་གཟུགས་འདས་འགྲེམ་སྟོན། རིག་གནས་དངོས་མང་བཤམས་སྟོན་བརྗོད་དོན་ཡུལ་སྐོར། རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག ཡུལ་སྐོར་རྩེ་གྲ་ལམ་ཐིག་འོས་སྦྱོར། ཁྱད་ལྡན་ཟས་མངར་རོལ་མྱོང་སོགས་ཀྱི་རིགས་སོ་སོའི་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་བརྗོད་དོན་བྱ་འགུལ་སྤེལ་ནས། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རིགས་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་འོས་སྦྱོར་བྱས་ནས་ལངས་གཟུགས་རང་བཞིན་གྱིས་སྣ་མང་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མཚོན། །
འདི་ནི་མགོ་ཚུགས་མཛད་སྒོའི་འཁྲབ་སྟོན་རྣམ་པ་ཡིན།
འདི་ནི་མགོ་ཚུགས་མཛད་སྒོའི་འཁྲབ་སྟོན་རྣམ་པ་ཡིན།
འདི་ནི་ཁྲི་ཀ་རྫོང་གི་རབ་ཏུ་བཞད་པའི་ལི་སྡོང་མེ་ཏོག་ཡིན།
འདི་ནི་ཡུལ་སྐོར་པས་ཁྲི་ཀ་རྫོང་གི་རབ་ཏུ་བཞད་པའི་ལི་སྡོང་མེ་ཏོག་ལ་གཟིགས་པའི་ཚུལ་ཡིན།
འདི་ནི་བྱ་འགུལ་ཡུལ་དངོས་སུ་ལག་བཟོ་མི་སྣས་འདམ་བཟོ་ལས་བཞིན་པའི་ཚུལ་ཡིན།
འདི་ནི་ཡུལ་སྐོར་པས་ལི་སྡོང་མེ་ཏོག་འོག་ནས་ཟ་མ་ཟ་བཞིན་པའི་ཚུལ་ཡིན།
འདི་ནི་ཡུལ་སྐོར་པ་ཞིག་གིས་པར་རྒྱག་བཞིན་པའི་ཚུལ་ཡིན།
འདི་ནི་ཡུལ་སྐོར་པ་ཁྲི་ཀ་རྫོང་ས་གཤིས་སྤྱི་གླིང་དུ་ཡོད་པའི་ཚུལ་ཡིན།