ཕྱག་ཕྲེང་ཕྲེང་སྡོད་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ནང་གི་བྱིས་སློབ་ཁང་།
ཕྱག་ཕྲེང་ཕྲེང་སྡོད་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་བྱིས་སློབ་ཁང་དུ་སློབ་གྲྭའི་རླངས་འཁོར་བཏང་ཡོད་པ།
སྤྱི་ཟླ་6པའི་ཚེས་5ཉིན། ཕྱག་ཕྲེང་རྫོང་གི་ཕྲེང་སྡོད་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ནང་དུ། སློབ་ཆུང་སྡེ་ཁག་ཏུ་དབྱིན་ཇིའི་སློབ་ཚན་ཞིག་ཁྲིད་བཞིན་པའི་སྒང་ཡིན་ལ། སློབ་ཁང་གཞན་ཞིག་གི་ནང་དུ། སློབ་མ་30ལྷག་གིས་དངོས་སུ་རྩིས་འཕྲུལ་ལག་རྩལ་གྱི་རི་མོ་འབྲི་སྲོལ་སྦྱོང་བཞིན་ཡོད་པ་རེད། ཡིན་ན་ཡང་སློབ་ཁང་གཞན་ཞིག་ཏུ་སློབ་མ་ཚོས་རྩེད་མོ་རྩེ་ནས་བསྡད་ཡོད། སློབ་གཙོ་གཞོན་པ་ཚེ་རིང་ཉི་མ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་སློབ་གྲྭའི་ནང་དུ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སློབ་ཁྲིད་ལག་བསྟར་བྱེད་འགོ་བརྩམས་ཡོད་ལ། ནང་ལོགས་ས་ཁུལ་གྱི་བྱིས་པ་རྣམས་དང་འདྲ་བར་སློབ་ཆུང་ནས་དབྱིན་ཇི་སློབ་སྦྱོང་བྱེད་བཞིན་ཡོད། སློབ་ཁྲིད་བྱེད་པའི་ཁྲོད་དུ་མང་འཕྲིན་གྱིས་སློབ་ཁྲིད་བྱེད་འགོ་བརྩམས་ཡོད། བྱིས་སློབ་ཁང་གི་སློབ་གཙོ་ལུའོ་ཆི་ཅུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། ས་གནས་འདིའི་ཁྱིམ་བདག་རྣམས་ཀྱི་བྱིས་པ་སློབ་གྲྭར་སྐྱལ་བའི་བསམ་བློར་ཡར་ཐོན་ཆེན་པོ་བྱུང་འདུག སྔོན་མ་དང་མི་འདྲ་བར། ཁྱོད་ཀྱིས་བྱིས་པ་སློབ་གྲྭར་སྐྱལ་རྒྱུའི་ཁ་ཏ་སློབ་གསོ་བྱ་མི་དགོས་པར་རང་འགུལ་གྱིས་སློབ་གྲྭར་བསྐྱལ་བཞིན་འདུག་ཅེས་བཤད། །