མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཡོངས་ཀྱི་སྲིད་འཛིན་ཅུས་ཀྱི་སྲིད་འཛིན་ཁྲིམས་འཛིན་ཐོབ་ཐང་རྒྱུགས་ལེན་སྒྲིག་འཛུགས་བྱས།

གསར་འགོད་པ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-29


“ཁྲིམས་འཛིན་ཐོབ་ཐང་རྒྱུགས་ལེན་མ་བྱས་ན་ཁྲིམས་འཛིན་ཐོབ་ཐང་སྤྲོད་མི་ཆོག་པ་དང་ཁྲིམས་འཛིན་བྱེད་སྒོ་སྤེལ་མི་ཆོག་པའི”བླང་བྱ་དམ་འཛིན་ཡང་དག་བྱ་ཆེད། སྲིད་འཛིན་ཁྲིམས་འཛིན་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དང་དྲང་གཞག །ཡ་རབས་བཅས་ཀྱིས་ཁྲིམས་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཟླ་5ཚེས་27ཉིན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཡོངས་ཀྱི་ཁྲིམས་འཛིན་སྡེ་ཚན་18སྒྲིག་འཛུགས་བྱས་ནས། སྲིད་འཛིན་ཁྲིམས་འཛིན་མི་སྣ་66སྤྱི་ལོ་2024ལོའི་ལོ་འཁོར་གྱི་མཛོད་དགེ་རྫོང་གི་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཐོབ་ཐང་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་ཡོད་པ་རེད།

རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཏུང་ཧྲེང་ཡུལ་དངོས་སུ་སྐོར་ཞིབ་རྒྱུགས་སྤྲོད་ལ་ཕེབས། ཐེངས་འདིའི་རྒྱུགས་ལ་འཕྲུལ་ཆས་ཀྱི་རྒྱུགས་སྤྲོད་དང་ཡིག་རྒྱུགས་ཀྱི་ཐབས་གཉིས་སྤྱད་དེ་མ་ལག་གིས་སྐབས་བསྟུན་གྱིས་རྒྱུགས་ཤོག་སྒྲིག་པ་དང་། མི་རེ་ལ་འཕྲུལ་ཆས་རེ། རྒྱུགས་སྤྲོད་སློབ་མས་གློག་ཀླད་སྤྱད་དེ་ལན་འདེབས་དགོས།  རྒྱུགས་གི་ནང་དོན་གཙོ་བོར《སྲིད་འཛིན་ཆོག་འཐུས་བཅའ་ཁྲིམས།》 དང་《སྲིད་འཛིན་ཆད་གཅོད་བཅའ་ཁྲིམས།》 《སྲིད་འཛིན་བཙན་ཤེད་བཅའ་ཁྲིམས།》 《སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས།》 《སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས།》དང་སྲིད་འཛིན་ཁྲིམས་འཛིན་གྱི“ལམ་ལུགས་གསུམ”སོགས་སྤྱི་བའི་བཅའ་ཁྲིམས་ཤེས་བྱའི་ནང་དོན་ཚུད་ཡོད། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣས་རྒྱུགས་སྤྲོད་བརྒྱུད། རྒྱུགས་རིམ་ཧྲིལ་བོར་ལྟ་སྐུལ་བྱས་ནས་རྒྱུགས་ལེན་བྱ་ཡུལ་གྱི་སྒྲིག་ཁྲིམས་ནན་མོ་དང་སྒྲིག་ལམ་གོ་རིམ་ལྡན་པར་འགན་ལེན་བྱས།

རྒྱུས་ལོན་པ་ལྟར་པ། གོམ་པ་རྗེས་མར་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྒྱུགས་འབྲས་ཚད་ལོན་མཁན་ལ་སྲིད་འཛིན་ཁྲིམས་འཛིན་ལག་ཁྱེར་རེ་ཞུ་བྱ་རྒྱུ་དང་། སྲིད་འཛིན་ཁྲིམས་འཛིན་མི་སྣའི་རྒྱུགས་སྤྲོད་ཐོབ་ཐང་དང་ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་པ་སོགས་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཁྲིམས་འཛིན་ལག་ཁྱེར་དོ་དམ་དང་། སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཐོབ་ཐང་ཡོངས་བསྒྲགས་བྱེད་པ། ཁྲིམས་འཛིན་མི་སྣའི་ཐོབ་ཐང་ཞིབ་བཤེར་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་མི་སྣའི་ནུས་པ་དང་བྱང་ཚད། ལས་སྒོའི་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བྱས་ཏེ་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་ཅིག་ཅིས་ཀྱང་བཏོད་དགོས། མཛོད་དགེ་རྫོང་གི་ཁྲིམས་སྤེལ་སྲིད་འཛིན་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1