༄༅།།ཁྲིམས་གསལ་སྐར་ཁུང་།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 06-17


‍‍‍‍

ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱས་པའི་ཉེས་གསོག་གི་རྒྱུན་སྤྱོད་བྱ་ཐབས།

གཅིག རྐང་དབང་མ་འཇོག་ཐེབས་རྩའི་མིང་ཐོག་ནས་མ་འཇོག་རྣམ་གྲངས་རྫུན་ཉོ་བྱས་ཏེ་སྐྱེད་ཀ་མཐོ་པོ་སྤྲད་ནས་སྤྱི་དམངས་ཞུགས་རྒྱུའི་ཡིད་དབང་འགུགས་པ།

གཉིས། ཀུང་སིའི་རྐང་འཛིན་ཕྱི་རྒྱལ་གྱི་ཁྲོམ་རར་འདོན་རྒྱུ་རྫུན་མ་བཟོས་ཏེ་མ་རྩ་འཇོག་མཁན་གྱིས་དེ་སྔའི་རྐང་འཛིན་ཉོ་རྒྱུའི་ཡིད་དབང་བཀུག་ནས་རིན་གོང་མཐོ་པོ་ཡོང་ཐོབ་བྱེད་པ།

གསུམ། “མ་འཇོག་གི་དངུལ་ལོར་བདག་

གཉེར”གྱི་མིང་ཐོག་ནས་དྲིལ་བསྒྲགས་རྫུན་མ་བྱེད་པ།

བཞི། གསེར་དངུལ་མ་འཇོག་བྱེད་པ་སོགས་ཀྱི་མིང་ཐོག་དང་སྐྱེད་ཀ་མཐོ་བའི་མིང་ཐོག་ནས་སྤྱི་དམངས་ཀྱིས་མ་འཇོག་བྱ་རྒྱུའི་ཡིད་དབང་འགུགས་པ།

◆ དོགས་ཟོན་བྱེད་ཐབས།

གཅིག་ནས་བྱེད་པོར་ཐོབ་ཐང་ལྡན་ཡོད་མེད་ལ་ལྟ་བ་དང་འབྲེལ་ཡོད་ཁེ་ལས་ཀྱི་བྱ་སྤྱོད་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ཡོད་མེད་དང་ཁྲིམས་དང་མཐུན་མིན་སོགས་ལྟ་དགོས་པ་དང་། གཉིས་ནས་བྱེད་པོའི་ཐོབ་ཐང་བདེན་པ་ཡིན་མིན་ལྟ་བ་དང་འབྲེལ་ཡོད་ཁེ་ལས་དེ་ཁྲིམས་གཏན་འཁེལ་བའི་ཁྲིམས་མཐུན་ཁེ་ལས་ཡིན་མིན་དང་ཁྲལ་དོན་ཐོ་འགོད་སོགས་བྱས་ཡོད་མེད་ལྟ་དགོས། གསུམ་ནས་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་ཡོད་མེད་ལྟ་བ་དང་སྨྱན་སྦྱོར་དང་དྲ་སྦྲེལ་གྱི་

ཐོན་ཁུངས་བརྒྱུད་འབྲེལ་ཡོད་ཁེ་ལས་ཀྱི་ཁྲིམས་འགལ་ཉེས་གསོག་ཟིན་ཐོ་འཚོལ་ཞིབ་བྱེད་དགོས། བཞི་ནས་བྱ་སྤྱོད་སྤེལ་མཁན་གྱི་ཁས་ལེན་ལ་དབྱེ་ཞིབ་བྱེད་དགོས། མ་འཇོག་གི་ཁེ་བཟང་མཐོ་པོ་ཡོད་པ་ནི་སྤྱིར་མ་འཇོག་གི་རྒྱ་རྙི་ཡིན། ལྔ་ནས་རང་འགུལ་ངང་སྤྱི་བདེ་དང་། བཟོ་ཚོང་། དངུལ་ཁང་ལྟ་སྐུལ་སོགས་ཀྱི་སྡེ་ཚན་ལ་གནས་ཚུལ་སྙན་གསེང་དང་བློ་འདྲི་བྱས་ཏེ་ཁྲིམས་འཛིན་སྡེ་ཚན་གྱི་མཛུབ་ཁྲིད་དང་ཁ་ཏ་བསླབ་བྱ་དང་ལེན་བྱེད་དགོས།

དངུལ་ཁང་གཱ་ཡི་ཉེས་གསོག་གི་རྒྱུན་སྤྱོད་བྱ་ཐབས།

གཅིག རྐང་བཙུགས་ནས་མ་དངུལ་འབོར་ཆེན་ལེན་པ་སྟེ། ཡིད་རྟོན་གཱ་སྤྱད་དེ་རང་ཉིད་ཀྱིས་སྤྲོད་ཐབས་བྲལ་བའི་མ་དངུལ་འབོར་ཆེན་བླངས་ནས་ཁྲིམས་ཀྱི་གཏན་འཁེལ་བའི་མ་དངུལ་ཕྱིར་སྤྲོད་ཀྱི་དུས་ཚོད་ནང་དངུལ་ཁང་གི་རྩད་གཅོད་བྱེད་པར་གཡོལ་ནས་ཁྲིམས་འགལ་ངང་མ་དངུལ་བདག་པར་བྱེད་པའི་དམིགས་ཡུལ་ལ་སླེབས་པར་བྱེད།

གཉིས། རེ་ཞུ་རྫུས་མ་བྱེད་པ་སྟེ། བརྐུས་པའམ་ཡང་ན་ཐོབ་ཐང་ལག་ཁྱེར་རྫུས་མ་དང་ཀུང་སིའི་མ་རྩ་དང་ཡིད་རྟོན་བརྟག་དཔྱད་ཀྱི་ཡི་གེ་རྫུས་མ་སྤྱད་དེ་དངུལ་ཁང་ནས་ཡིད་རྟོན་གཱ་རག་རྗེས་དངུལ་ཁང་གི་དངུལ་མགོ་སྐོར་གཏོང་བ།

གསུམ། བརྐུས་པའི་གཱ་འཁྱེར་ནས་དངུལ་འབོར་ཆེན་ལེན་པ་སྟེ། བརྐུས་པའི་གཱ་ཡི་ཆ་འཕྲིན་སྤྱད་དེ་དྲ་ཐོག་ནས་ཉོ་འཚོང་བྱེད་པ་དང་རྩིས་ཁྲའི་མ་དངུལ་བརྐུ་ལེན་བྱེད་པའམ་ཡང་ན་གཱ་བདག་མཁན་གྱི་མིང་ཐོག་ནས་དྲ་ཐོག་ཏུ་ཉོ་འཚོང་བྱེད་པ།

བཞི། མ་དངུལ་གཡོ་ལེན་བྱེད་པ་སྟེ། རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ནས་POSའཕྲུལ་འཁོར་སོགས་སྤྱོད་པའི་བྱ་ཐབས་ཐོག་ནས་ཉོ་འཚོང་རྫུས་མ་བྱེད་པ་དང་དངུལ་སྨར་ཕྱིར་སློག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡིད་རྟོན་གཱ་བདག་མཁན་ལ་ཐད་ཀར་དངུལ་སྨར་ཕྱིར་སློག་བྱེད་པ།

◆ དོགས་ཟོན་བྱེད་ཐབས།

གཅིག ཡིད་རྟོན་གཱ་ནས་དངུལ་ལེན་པའི་དངུལ་གྲངས་རེ་ཞུ་འོས་འཚམས་བྱེད་དགོས་པ་དང་ཡིད་རྟོན་གཱ་སྤྱད་དེ་དངུལ་སྨར་ལེན་སྐབས་ཡིད་གཟབ་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་མ་དངུལ་སྐྱིན་ཚབ་འཇལ་ནས་དོན་མེད་ཀྱི་གྱོང་གུན་མི་ཕོག་པ་བྱེད་དགོས་པ།

གཉིས། རང་ཉིད་ཀྱི་ཐོབ་ཐང་དཔྱད་གཞིར་བདག་པོ་ཡག་པོ་བརྒྱབ་ནས་ཁྲིམས་འགལ་བས་དཔྱད་གཞི་སྤྱད་ནས་ཡིད་རྟོན་གཱ་གཡོ་ལེན་བྱ་རྒྱུ་བཀག་འགོག་བྱེད་དགོས།

གསུམ། རང་ཉིད་ཀྱི་དངུལ་ཁང་གཱ་བདག་པོ་ཡག་པོ་བརྒྱབ་ནས་གསང་བའི་ཨང་གྲངས་ཕྱིར་མ་གྱར་བ་བྱེད་དགོས།

བཞི། ཡིད་རྟོན་གཱ་རྒྱུན་གཏན་ལྟར་སྤྱད་དེ་ཁྲིམས་འགལ་གྱི་མཚམས་སྦྱོར་ས་ཚིགས་དང་ནག་ཚང་ནས་དངུལ་སྨར་ལེན་མི་རུང་།


‍‍‍‍


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1