མཛོད་དགེ་རྫོང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གིས་སྒྲིག་གཞི་སྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན།

གསར་འགོད་པ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 06-19


ཉེ་ཆར། མཛོད་དགེ་རྫོང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གིས་ཚོགས་འདུར་གསོ་སྦྱོང་གི་ལམ་ནས་ཉེ་སྔོན་གྱི་སྒྲིག་གཞི་སྒྲིག་ཁོངས་སྒྱུར་བཅོས་ལས་དོན་སྤེལ་ཚུལ་ལ་ཉན་འཇོག་གནགང་། ཁུལ་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་ངོས་ཀྱི་ཞིབ་བཤེར་རྩིས་ལེན་དཔྱད་དཔོག་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་སྒྲོག་སྦྱོང་བྱས་ཏེ། ཉེ་སྔོན་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་སྒྲིག་བཀོད་བྱས་པ་མ་ཟད། གཏན་འབེབས་གསུམ་ལ་ཞིབ་བཤེར་ལས་སྒོའི་གསོ་སྦྱོང་སྤེལ།

ཚོགས་འདུའི་དགོངས་དོན་སྒྲོག་སྦྱོང་བྱེད་པ། ཁུལ་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་ཞིབ་བཤེར་རྩིས་ལེན་དཔྱད་དཔོག་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། བསམ་བློའི་ཐད་ནས་ཚད་མཐོའི་མཐོང་ཆེན་དང་ལག་ལེན་ཁྲོད་ནུས་ཤུགས་བཏོན་ནས། ཁུལ་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་བླང་བྱ་ལྟར། སྒྲིག་གཞི་སྒྱུར་བཅོས་བྱེད་དགོས་པའི་སྡེ་ཁག་གི་འགོ་ཁྲིད་བཀོད་སྒྲིག་དང་མི་སྣ་བརྒྱུད་སྐོར། གཏན་འབེབས་གསུམ་གྱི་ཞིབ་བཤེར་གཏན་འབེབས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས། གྲོས་མོལ་མཐུན་སྦྱོར་མ་ལག་བཙུགས་ནས་དུས་མཚམས་ལྟར་ཐེངས་འདིའི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ཡག་པོ་བསྒྲུབ་དགོས་པ་ནན་གྱིས་བསྟན།

སྒྱུར་བཅོས་ལས་དོན་བཀོད་སྒྲིག་གང་ལེགས་བྱེད་པ། སྒྲིག་གཞི་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། གཏན་འབེབས་གསུམ་གྱི་ཞིབ་བཤེར་ལས་དོན་ཚོ་ཆུང་3བཙུགས་ནས་ལས་མི་ཡོངས་ཆེད་ལས་འཛིན་གྲྭ་3དུ་བགོས་ནས་སྟོབས་ཤུགས་གཅིག་སྒྲིལ་དང་སྤུས་ཚད་ལ་འགན་ལེན་སྒོས་གཏན་འབེབས་གསུམ་གྱི་གཏན་འབེབས་བཟོ་བཅོས་ལས་འགན་ལེགས་སྒྲུབ་ལ་འགན་ལེན་བྱས།  རང་རེའི་རྫོང་གི་སྒྲིག་གཞི་སྒྱུར་བཅོས་ཁྲོད། ཁུལ་ཕྱུགས་ལས་ཕྱུགས་སྨན་ཞབས་ཞུའི་ལྟེ་གནས་བཙུགས་པ་སོགས་ཁྱད་ལྡན་ལས་དོན་སྔོག་འདོན་བྱས་ཏེ་དཔེ་མཚོན་དཔྱད་གཞི་སྙན་སེང་ཞུ་དགོས། རང་རེའི་རྫོང་གི་སྒྲིག་གཞི་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་ཞིབ་བཤེར་རྩིས་ལེན་དཔྱད་དཔོག་དཔྱད་གཞིའི་ལེགས་སྒྲིག་ཡིག་ཚགས་ཀྱི་ཁོངས་སུ་བཅུག་སྟེ།  ཆེད་དོན་ཡིག་ཆ་སྒྲིག་ནས་ཞིབ་བཤེར་བྱེད་པར་གྲ་སྒྲིག་ཡག་པོ་བྱེད་དགོས།

གཏན་འབེབས་གསུམ་གྱི་ཞིབ་བཤེར་གཏན་འབེབས་གསོ་སྦྱོང་ལེགས་པོ་སྤེལ་བ། ལས་བགོས་དོ་དམ་ཀྲུའུ་རེན་གཞོན་པ་དང་ལས་སྒོའི་རྐང་འཛིན་པས་ཞིབ་བཤེར་ལས་དོན་ཆེད་དམིགས་འཛིན་གྲྭའི་མི་སྣར་ཞིབ་བཤེར་གཏན་འབེབས་ལས་སྒོའི་གསོ་སྦྱང་བྱས། 《གཏན་འབེབས་གསུམ་གྱི་ལམ་ལུགས་དང་ལག་བསྟར་བྱེད་ཐབས》སོགས་ཞིབ་བཤེར་གཏན་འབེབས་ཀྱི་སྲིད་ཇུས་དང་ཡིག་ཆའི་ནང་དོན་གསོ་སྦྱོང་བྱས། སྒྱུར་བཅོས་བྱེད་དགོས་པའི་སྡེ་ཁག་དང་ཡུལ་གྲོང་གིས་ཐེངས་སྔོན་མའི་གཏན་འབེབས་གསུམ་གྱི་གཏན་འཁེལ་དང་ཐེངས་འདིའི་བཟོ་བཅོས་ཀྱི་ཁྱད་པར་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བྱས། ཞིབ་བཤེར་གཏན་འབེབས་ཀྱི་གཙོ་གནད་དང་དཀའ་གནད། འགག་རྩའི་ཆ་འཕྲིན་བཅས་གསལ་པོར་སྟོན་ནས། སྒྲིག་གཞིའི་མིང་དང་འགན་འཁྲི་གཙོ་བོ། འགན་འཁྲི་བསྒྱུར་བ། ནང་ཁུལ་སྒྲིག་གཞི་བཀོད་སྒྲིག་དང་འགན་འཁྲི་ལས་བགོའི་མི་སྣའི་སྒྲིག་ཁོངས་སོགས་ལ་གསོ་སྦྱོང་བྱས་ཏེ། སྦྱོང་བརྡར་ནང་ཞུགས་མཁན་གྱི་ཞིབ་བཤེར་གཏན་འབེབས་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་། ཐེངས་འདིའི་བཟོ་བཅོས་བྱས་པའི་གཏན་འབེབས་གསུམ་གྱི་ཁྱོན་ཡོངས་ནས་ཡང་དག་པ་དང་ཚད་ལྡན་བཅས་ཡོང་བར་འགན་ལེན་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1