ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་མི་གྲངས་ཁྲི་9918.5ཟིན་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-01


ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་གི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། སྤྱི་ལོ་2023ལོའི་ལོ་མཇུག་བར་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་9918.5དང་གཞི་རིམ་རྩ་འཛུགས་ཁྲི་517.6ཟིན་ཡོད།

དེའི་ནང་ཏང་ཡོན་བུད་མེད་ཀྱིས་30.4%ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱིས་7.7%ཟིན་པ། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རིམ་གྱིས་56.2%ཟིན་ཡོད། ལོ་ཚོད་ཁྱབ་རྒྱ་ཆེ་བའི་ནང་ལོ་61དང་དེ་ཡན་གྱིས་28.1%ཟིན་གྱི་ཡོད། སྤྱི་ལོ་2023ལོར་ཏང་ཡོན་ཁྲི་240.8འཕེལ་རྒྱས་ཕྱིན་ཡོད་ཅིང་། དེ་ཡང་གཙོ་བོ་ཐོན་སྐྱེད་ཁུལ་གྱི་ལས་མི་དང་། འཐབ་ཕྱོགས་དང་པོའི་ལས་མི། སློབ་མ་དེ་བཞིན་ལས་བཟོ་པ་བཅས་ཀྱི་ཚོགས་པས་བསྡུར་ཚད་ཆེ་ཙམ་བཟུང་ཡོད། ལོ་ཧྲིལ་པོར་སྔོན་ཐོན་ཏང་རྩ་འཛུགས་དང་། ཏང་ཡོན། ཏང་དོན་ལས་དོན་པ་བཅས་ལ་གཟེངས་བསྟོད་རབ་དང་རིམ་པ་བྱས་ཡོད། གཞན་ཡང་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་མཁན་ཁྲི་2000ལས་བརྒལ་བ་དང་ཏང་ཞུགས་ཧུར་བརྩོན་པ་ཁྲི་1000ལས་བརྒལ་ཡོད། ཏང་རྩ་འཛུགས་ཁེབས་ཚད་ཧ་ཅང་རྒྱ་ཆེ་ཞིང་། གྲོང་ཁྱེར་དང་། ཤང་གྲོང་། སྡེ་ཁུལ། སྲིད་འཛིན་གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས་ཁེབས་ཚད་99.9%ལས་བརྒལ་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1