༄༅།།རྒྱལ་མོ་ཚ་བ་རོང་དུ་ལི་མེ་ཏོག་གི་རྒྱ་མཚོ་འཁྱིལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ་ལས་དྲངས། སྤེལ་དུས། 07-15


    མཐོ་ཞིང་བརྗིད་པའི་ལི་སྡོང་སྐར་ཚོམ་ལྟར་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་རྒྱལ་མོ་རོང་གི་མང་ཚོགས་ཀྱི་སྡོད་ཁང་དང་གནའ་བོའི་མཁར་རྫོང་གི་ཉེ་འགྲམ་དུ་སྐྱེས་ཡོད་ཅིང་། མཚན་མོ་ཞིག་ལ་དཀར་གཙང་གི་ལི་མེ་ཏོག་ཡོངས་སུ་བཞད། ལི་མེ་ཏོག་གིས་གྲོང་སྡེ་ཡོངས་སུ་བརྒྱན་པའི་ཞིང་རའི་མཛེས་ལྗོངས་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་འཚོ་བ་ཞིག་རེད།

     རོང་བྲག་བོད་གྲོང་གི་ལི་མེ་ཏོག་བཞད་ཡུན་ནི་ཟླ་བ་གཅིག་ཙམ་ཡིན། ལོ་ལྟར་མེ་ཏོག་ལ་བལྟ་རྒྱུའི་དུས་ཚོད་ཡག་ཤོས་དེ་སྤྱི་ཟླ3པའི་ཟླ་དཀྱིལ་དང་ཟླ་སྨད་ནས་སྤྱི་ཟླ4པའི་ཟླ་དཀྱིལ་བར་ཡིན། དེ་དང་ཆབས་ཅིག་ལི་མེ་ཏོག་བཞད་པའི་དུས་ཚིགས་སུ་ཁམ་བུའི་མེ་ཏོག་དང་། ཀུ་ཤུའི་མེ་ཏོག། ཝུའུ་མེ་མེ་ཏོག་སོགས་ཀྱང་སྔ་རྗེས་སུ་ས་བབ་དམའ་ས་ནས་ས་བབ་མཐོ་སར་བཞད་འགོ་ཚུགས། སྐབས་དེར་མེ་ཏོག་གིས་བརྒྱན་ཡོད་པའི་གནའ་བོའི་མཁར་རྫོང་དང་། གྲོང་སྡེ་སོགས་ནི་མཛེས་མའི་ལུང་པའི་སྦས་པའི་བསྟི་གནས་ཤིག་དང་ཀུན་ནས་མཚུངས་ཤིང་། ལོ་འཁོར་ཅིག་གི་ནང་དུས་ཚིགས་ཆེས་མཛེས་སྡུག་ལྡན་པར་གྱུར། རོང་བྲག་ཏུ་ལི་མེ་ཏོག་ལ་ལྟ་བ་དང་ཆབས་ཅིག་ད་དུང་བོད་གྲོང་དང་གནའ་བོའི་མཁར་རྫོང་། གྱ་གྱུ་བོད་གྲོང་། སྤྲོ་སྣང་བོད་གྲོང་། སོག་པོའི་གནའ་མཁར་བཅས་ལའང་ལྟ་ཆོག། ཀྲུང་གོའི་ཆེས་མཛེས་པའི་ཡུལ་སྡེ་ཡི་མཛེས་སྡུག་གི་རི་མོ་རེ་རེ་ལྟད་མོ་བའི་ཡིད་སེམས་ཀྱི་དཔལ་དུ་ཕུལ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1