རྔ་བ་ཁུལ་གྱི་ཞིང་གྲོང་དུ་གྱི་གསར་སྣོན་བྱས་པའི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཕྱོགས་ཡོངས་ནས་ལས་འགོ་བརྩམས་ཡོད།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


དཔྱད་གཞི་པར་རིས། 


         རྔ་བ་ཁུལ་གྱིས་གསར་སྣོན་བྱས་པའི་ཞིང་གྲོང་གི་འཐུང་ཆུའི་བདེ་འཇགས་རྣམ་གྲངས་ཀྱི་འཆར་གཞི་ལ་མ་འངུལ་སྒོར་ཁྲི་49761.26བཏང་ཡོད་པ་དང་། དེས་ཁུལ་ཡོངས་ཀྱི་རྫོང་13གྱི་ཡུལ་ཤོག་693དང་། སྲིད་འཛིན་གྲོང་སྡེའི་མི་གྲངས་ཁྲི་34.318ཀྱི་འཐུང་ཆུའི་གནད་དོན་སེལ་ཡོད་པ་རེད།

         མིག་སྔའི་བར་དུ། ལས་ཀའི་རྣམ་གྲངས་ཚང་མའི་སྔོན་འགྲོ་བསྒྲུབས་ཚར་ཡོད་ཅིང་། ད་ནི་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་བའི་དུས་རིམ་ལ་སླེབས་ཡོད་པ་རེད། རྔ་བ་ཁུལ་གྱིས་ད་ལྟའི་ཆུ་བེད་ཐོན་ཁུངས་བཟང་པོ་འདི་བེད་སྤྱད་ནས། ཧུར་ཐག་གིས་ལག་རྩལ་གྱི་སྟོབས་ཤུགས་རྩ་འཛུགས་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པ་དང་། གོ་རིམ་ཡོད་པ། ནུས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་འཐུང་ཆུའི་རྣམ་གྲངས་དུས་ལྟར་ལེགས་འགྲུབ་བྱུང་ནས། རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་འཚོ་བར་སྟབས་བདེ་སྐྲུན་རྒྱུ་དང་བདེ་ཐང་ལ་ཁག་ཐེག་ཡོད་པ་ཞིག་བྱ་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1