མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གྱི་ཁོར་ཡུག་བཅོས་སྒྲིག་ཐད་ལས་བྱེད་མང་ཚོགས་མཉམ་འབྲེལ་སྒོས་རྣམ་པ་གསར་པ་གཏོད།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-02


གྲོང་རྡལ་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས། གཙང་ཞིང་གྲ་དག་ལ་མཛེས་སྡུག་ལྡན་པའི་གཞིས་སྡོད་ཁོར་ཡུག་གཏོད་ཆེད། སྤྱི་ཟླ་7པའི་ཚེས་30ཉིན་མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གྱིས་རྒྱལ་ལམ་213དང་ཆུ་ལམ། གྲོང་སྡེ། ལམ་འགྲམ་གྱི་རླངས་འཁོར་འཇོག་ས་སོགས་གཙོ་གནད་བཅོས་སྒྲིག་ས་ཁོངས་གཙོར་བཟུང་སྟེ་བཅོས་སྒྲིག་བྱས། གྲོང་རྡལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་གི་བྱེད་སྒོ་སྤེལ་ཏེ། ཅན་གསུམ་ལ་བརྟེན་ནས་སྟོབས་ཤུགས་གསུམ་ལ་སྐུལ་འདེད་བཏང་ནས། གཞིས་སྡོད་ཁོར་ཡུག་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 

དྲ་བའི་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཡོངས་ཀྱི་བཅོས་སྒྲིག་ནུས་པ་ཆེ་རུ་བཏང་། དྲ་མིག་དངོས་གཉེར་ལ་བརྟེན་ནས་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ལས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་མིག་འགོ་འཛིན་དང་དྲ་མིག་ལས་གཉེར་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་80ལྷག་སྐོང་འཐེན་བྱས་ཏེ། མི་དང་རླངས་འཁོར་ཟུང་འབྲེལ་གྱི་ལམ་ནས་རྒྱལ་ལམ་213དང་ཆུ་ལམ། གྲོང་སྡེ་སོགས་སུ་བཅོས་སྒྲིག་བྱས་ནས་དར་སྲོལ་རྙིང་པ་དང་སྲོག་ཆགས་ཀྱི་བེམ་པོ་སོགས་གད་སྙིགས་ཏུན་5གཙང་སེལ་བྱས། བཞག་ལྡོམ་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་ལས་དོན་ཞིབ་ཚགས་དང་ཁྱོན་ཡོངས་ཅན་ལ་སྐུལ་འདེད་བཏང་།

དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མིག་དཔེའི་ནུས་པ་བཏོན། གྲོང་རྡལ་དང་གྲོང་སྡེའི་སྐད་གཉིས་ལས་བྱེད་པ་སྐོང་འཐེན་བྱས་ནས། སྐད་གཉིས་དྲིལ་བསྒྲག་དང་སྒྲོག་ཡིག་སྦྱར་བ། སྐད་འཕྲིན་ཚོགས་པ་སོགས་བརྒྱུད་ནས་སྣ་མང་ཁྲིད་སྟོན་བྱས། ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་རིམ་བཞིན་གསར་བཅོས་བྱས་ཏེ་མཛེས་ལྡན་བཞག་ལྡོམ་མཉམ་སྐྲུན་དང་བདེ་སྐྱིད་ཁྱིམ་གཞིས་གཏོད་པ་བསམ་སྦྱོར་གཉིས་ནས་ལག་ལེན་དུ་བསྟར། དུས་ཚིགས་དཔྱད་བསྡུར་ནན་འཛིན་གྱིས་དཔེ་མཚོན་དཔེ་བཟང་སྐྱེད་སྲིང་བྱས། ཕུལ་བྱུང་ལ་བྱ་དགའ་སྤྲོད་པ་དང་རྗེས་ལུས་ལ་སྐུལ་ལྕག་བྱེད་པའི་ལས་ཀའི་རྣམ་པ་བཏོད་ནས་གྲོང་སྡེའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་མང་ཚོགས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་བཏང་།

སྐོར་ཞིབ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་མང་ཚོགས་ཀྱི་མཐུན་སྦྱོར་ནུས་ཤུགས་སྐུལ་སྤེལ་བྱས། གྲོང་རྡལ་དང་གྲོང་སྡེའི་ཏང་ཡོན་ལས་བྱེད་པས་ཉིན་མཚན་གཉིས་ལ་སྐོར་ཞིབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སྒེར་གཉེར་བཟོ་ཚོང་ལ་སྒོ་མདུན་གྱི་འགན་ལེན་ལྔ་དོན་འཁྱོལ་བྱས། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་ཉིན་རྒྱུན་འཚོ་བའི་ཁྲོད་རིམ་བཤེར་བྱེད་པར་སྐུལ་འདེད་བཏང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དམ་འཛིན་བྱས་ཏེ་གནད་དོན་གསལ་རྟོགས་ལ་དམིགས་ནས་འཕྲལ་དུ་དག་ཐེར་བྱ་དགོས་པ་མ་ཟད། གནད་དོན་དག་ཐེར་ལ་ཕྱིར་ལྟ་དང་ཐེར་འདོན་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས། དམིགས་ཚད་དང་རྩ་བཅོས་དུས་མཉམ་དུ་སྤེལ་ནས་དམངས་ཡོངས་ཀྱིས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན།

རྗེས་ཕྱོགས་བཞག་ལྡོམ་གྲོང་རྡལ་གྱིས་ཁྱབ་ཁོངས་ཡོངས་ཀྱི་ཁོར་ཡུག་གཙང་སྦྲའི་གནད་དོན་རིམ་བཤེར་བཅོས་སྒྲིག་བྱས་ནས། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཁོར་ཡུག་གཙང་སྦྲ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་ལེགས་སུ་གཏོང་བར་སྐུལ་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་གཞིས་སྡོད་ཁོར་ཡུག་ལེགས་ལ་ལས་ཀར་འཚམ་པའི་མཛེས་ལྡན་ཁྱིམ་གཞིས་གཏོད་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1