ཉེ་ཆར་2024ལོའི་ཁྲེང་ཏུའུ་འཛམ་གླིང་སྐྱེད་ཚལ་འགྲེམ་ཚོགས་རྔ་བའི་མཛེས་གླིང་མཛོད་དགེ་ཞེས་པའི་བརྗོད་དོན་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ། ཐེངས་འདིའི་བྱེད་སྒོ་དུས་ཡུན་ཉིན་10ལ་སྤེལ་བ་དང་། མཛོད་དགེའི་ལོ་སྐྱུར་དང་ནས་ཀྱི་བག་ལེབ། ནས་ཆང་། ས་མཐོའི་ཤ་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཁ་40ལྷག་ཙམ་འགྲེམས་སྟོན་བྱས། གཞན་ཁྲུང་ཁྲུང་སྐེ་ནག་དང་ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་པར་རིས་10ལྷག་ཙམ་འགྲེམས་སྟོན་བྱས། སྒྲོབ་དེབ་དང་ཁུག་མ། ཞྭ་མོ་སོགས་དྲིལ་སྒྲོག་ཐོན་རྫས་2000ལྷག་བཀྲམ། ཡུལ་སྐོར་བ་ཁྲི་1ལྷག་ལྟ་སྐོར་ལ་ཕེབས།
འགྲེམ་སྟོན་ཁུལ་དུ་ཡུལ་སྐོར་བ་མང་ལ་ལས་དོན་མི་སྣས་ངང་རྒྱུད་རིང་པོས་མཛོད་དགེ་རྫོང་གི་ཡུལ་སྐོར་ཐོན་ཁུངས་དང་སྐྱེ་ཁམས་བཅོས་སྐྱོང་། རི་སྐྱེས་སྲོག་ཆགས་བཅས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས། ཚང་མར་མཛོད་དགེ་ཡི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཡིད་ལ་གསལ་པོར་ངེས་སུ་བཅུག
རྒྱུས་ལོན་པ་ལྟར་ན། འཛམ་གླིང་སྐྱེད་ཚལ་འགྲེམ་ཚོགས་ཉིན་186ལ་སྤེལ་ངེས། རྔ་བའི་མཛེས་གླིང་གིས་དོམ་ཁྲའི་ཁྱིམ་གཞི་དྭངས་གཙང་རྔ་བ་ཞེས་པའི་བརྗོད་དོན་ལ་དམིགས་ནས། འཛམ་གླིང་སྐྱེད་ཚལ་འགྲེམ་ཚོགས་རིང་ཟླ་རེར་བརྗོད་དོན་བྱེད་སྒོ་ཐེངས་རེ་སྤེལ་ནས། རྔ་བ་ཁུལ་གྱི་ས་དབྱིབས་མ་དཔེ་དང་ཁྱད་ལྡན་གནས་ཚང་མགྲོན་ཁང་། རྩ་ཆེ་སྲོག་ཆགས་དང་རྩི་ཤིང་། ཁྱད་ལྡན་ཐོན་རྫས། གཞན་རྔ་བ་ཁུལ་གྱི་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་བཅས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱ་རྒྱུ་རེད། །