དཔྱད་གཞིའི་པར་རིས།
2015ལོའི་སྤྱི་ཟླ་6པའི་ཚེས་18ཉིན། ཨ་རིའི་ཁོར་ཡུག་ཞིབ་འཇུག་གི་སྙན་ཞུ་གསར་ཤོས་ཤིག་ཏུ་བཀོད་པ་ལྟར་ན། ཕྱོགས་ཡོངས་ནས་སའི་གོ་ལ་ཧྲིལ་བོའི་མཁའ་དབུགས་སྤུས་ཚད་ཇེ་མཐོར་བཏང་བ་ཡིན་ན་ལོ་རེར་མི་གྲངས་ཁྲི་200ཡི་ཚེ་སྲོག་སྐྱོབ་ཐུབ།
《ཁོར་ཡུག་ཚན་རིག་དང་ལག་རྩལ།》ཞེས་པའི་ཞིབ་འཇུག་སྙན་ཞུ་དེའི་ནང་བཀོད་པ་ལྟར་ན། གལ་སྲིད་མཁའ་དབུགས་ཀྱི་སྤུས་ཚད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་དག་གི་མཁའ་དབུགས་སྤུས་ཚད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་ཁེལ་བྱས་པའི་མཁའ་དབུགས་སྤུས་ཚད་ཀྱི་ཚད་གཞི་ལ་ཐོན་པ་ཡིན་ན། ལོ་རེར་མི་གྲངས་ཁྲི་140ཡི་འཆི་རྐྱེན་ཇེ་ཉུང་དུ་གཏང་ཐུབ་པ་རེད། སྙན་ཞུ་དེའི་ནང་དུ་ད་རུང་། གལ་སྲིད་མཁའ་དབུགས་སྤུས་ཚད་ལེགས་པའི་རྒྱལ་ཁབ་ཀྱིས། མུ་མཐུད་ནས་མཁའ་དབུགས་སྤུས་ཚད་ཇེ་མཐོར་གཏང་ཐུབ་པ་ཡིན་ན། ལོ་རེར་མཁའ་དབུགས་སྦག་བཙོག་གི་རྐྱེན་གྱིས་ཤི་བའི་མི་གྲངས་ཁྲི་50ཇེ་ཉུང་དུ་གཏང་ཐུབ་ཅེས་བཀོད་ཡོད། །