ཐག་རིང་འབྲོག་ཁུལ་དུ་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་དོགས་གནད་སེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 09-13


ཐག་རིང་འབྲོག་ཁུལ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱིས་འོས་འགན་སློབ་གསོ་དང་གཞོན་ནུ་ལོ་ཆུང་ལ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་བློ་ལ་ངེས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་ཆེད། སྤྱི་ཟླ་9པའི་ཚེས་11ཉིན། མཛོད་དགེ་རྫོང་གི་འོས་འགན་སློབ་གསོའི་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་ཚོ་ཆུང་བཞག་ལྡོམ་གྲོང་རྡལ་གདོང་ཁ་གྲོང་སྡེའི་ཐག་རིང་འབྲོག་སར་བསྐྱོད་དེ་འབྲོག་པ་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་དང་སྲིད་ཇུས་དྲིལ་བསྒྲགས་བྱས། སྒྲོག་འགྲེལ་པས་འབྲོག་པ་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་འོས་འགན་སློབ་གསོ། གཞོན་ནུ་ལོ་ཆུང་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། ཁོར་ཡུག་སྲུང་སྐྱོང་། འདམ་སོལ་སྲུང་སྐྱོང་། རྩ་ཆག་གསུམ་དང་ཁ་གསབ་གཉིས་ཀྱི་སྲིད་ཇུས་སོགས་གསལ་འགྲེལ་བྱས། 

མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གདོང་ཁ་གྲོང་སྡེའི་སྡེ་མི་སྒྲོལ་མ་མཚོས་དེ་སྔོན་ཁྲིམས་འཛིན་ཅུས་ཀྱིས་ས་བབ་སྨི་4500ཡོད་པའི་དབྱར་རྩྭ་དགུན་འབུ་འཐུ་སར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས། ད་ཐེངས་ང་ཚོའི་ཐག་རིང་འབྲོག་སར་བསྐྱོད་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པར་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་བློ་ལ་ངེས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤེས་སུ་བཅུག་བྱུང་ཞེས་བཤད།

ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་པ་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་དང་དོགས་སེལ་བསལ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་མཐའ་མའི་འགག་གནད་སྒྲོལ་བར་མང་ཚོགས་ཀྱིས་གདེང་འཇོག་ལེགས་པོ་གནང་། ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད། 

མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གདོང་ཁ་གྲོང་སྡེའི་སྡེ་མི་དགའ་ལྡན་སྐྱབས་ཀྱིས་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ཏེ་ཐག་རིང་འབྲོག་སར་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་སྒོ་སྤེལ། དེ་སྔོན་བཅའ་ཁྲིམས་ཀྱི་ཤེས་བྱར་རྒྱུས་མངའ་དེ་ཙམ་མེད། ཁོ་ཚོས་སྒྲོག་འགྲེལ་བྱས་པ་བརྒྱུད་ང་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཤེས་པར་མ་ཟད། ང་ཚོ་འབྲོག་པར་སྤྱོད་གོ་ཆོད་པའི་ཁྲིམས་སྐྱོང་གི་དྲིལ་བསྒྲགས་དངོས་པོ་སྤྲད། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་བའི་རེ་བ་ཡོད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1