༄༅།།བོད་ལྗོངས་རྒྱལ་རྩེའི་མདའ་མང་དུས་ཆེན་འགོ་ཚུགས་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་ལས་དྲངས། སྤེལ་དུས། 09-19


 བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མདའ་མང་དུས་ཆེན་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོར་བོད་རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་གིས་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་200ལྷག་ཙམ་ལས་གྲུབ་པའི་སྤང་ལྗོངས་ཞབས་བྲོ་འཁྲབ་སྟོན་བྱས་པ་ལས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་དུ་ཕྱིན་ཡོད། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་རྟ་རྒྱུག་གི་ཐོག་མའི་འགྲན་བསྡུར་བྱས་པ་དང་བདམས་ཐོན་པ་ཚོས་དཔའ་ངར་ཆེན་པོས་ཨང་དང་པོ་བརྩོན་ལེན་གྱི་འགྲན་བསྡུར་བྱས་ནས་རྒྱལ་རྩེའི་བུ་ཕྲུག་ཚོའི་ཡར་རྒྱས་གོང་འཕེལ་གྱི་སྙིང་སྟོབས་མངོན་པར་བྱས་ཡོད།

འདི་ལོའི་མདའ་མང་དུས་ཆེན་ཟླ་8ཚེས་8ཉིན་བར་གཉེར་བ་རེད། འདི་ནི་རྟ་རྒྱུག་གི་ཐོག་མའི་འགྲན་བསྡུར་བྱེད་བཞིན་པ།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1