འབའ་ཐང་རྫོང་གིས་དགའ་དགའ་སྤྲོ་སྤྲོས་དབྱར་གནས་དུས་ཆེན་བསུས།

བདེ་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 09-20


ལྷ་མོ་ཟློས་གར་འཁྲབ་སྟོན་པ།

འབའ་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། སི་ཁྲོན་དང་ཡུན་ནན།བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། རྫོང་ཡོངས་ཀྱི་མཚོ་འཕགས་ཆ་སྙོམས་སྨི3300ཡིན། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7844ཡོད། མི་འབོར་ཁྲི5ལ་ཉེ་བ་ཡོད་ཅིང་དེའི་ནང་དུ་བརྒྱ་ཆ95ཡན་ནི་བོད་རིགས་ཡིན། རྫོང་སྲིད་གཞུང་འབའ་ཐང་བྱ་ཁྱུང་གྲོང་རྡལ་དུ་གནས་ཤིང་མཚོ་འཕགས་སྨི2600ཡོད། མངའ་ཁོངས་སུ་གནམ་གཤིས་དྲོ་གྲང་རན་ཞིང་རི་ཀླུང་མཛེས་སྡུག་ལྡན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་འབའ་ནོར་བུ་ས་ཆ་ཞེས་པའི་མཚན་སྙན་ཐོབ། ལོ་ངོ་བརྒྱ་སྟོང་མང་པོར་བརྒྱུད་དེ་ས་འདི་ན་འཚོ་ཞིང་གནས་པའི་མི་རིགས་ཁག་གི་མི་དམངས་ཚོས་འོད་སྟོང་འཕྲོ་བའི་རིག་གནས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་བསྐྲུན་ཡོད། ཁྱད་པར་དུ་འབའ་གཞས་དང་ཨ་ཅེ་ལྷ་མོའི་ཟློས་གར་གྱི་སྐད་གྲགས་རྒྱལ་ཕྱི་ནང་ཀུན་ཏུ་གྲགས་ཤིང་བོད་རིག་གནས་སྒྱུ་རྩལ་ནོར་མཛོད་ཁྲོད་ཀྱི་རིན་བྲལ་ནོར་བུར་གྱུར་ཡོད།

ལྷ་མོ་ཟློས་གར་འཁྲབ་བཞིན་པ།

ཉེ་ཆར། འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་ན་ཆུང་སྟེང་དུ་འབའ་ཐང་གི་ལོ་རེའི་དུས་ཆེན་ཆེ་གྲས་ཏེ་དབྱར་གནས་བསུ་བའི་རྣམ་པ་སྤྲོ་པོས་ཁེངས་ཡོད། ཉིན་དེར་ཀྲུང་གུང་འབའ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཉེར་བའི་ལོ་བརྒྱའི་རིག་གནས་བརྒྱུད་འཛིན་གྱི་རང་སྒྲ་ལ་ཉན་ཞིང་གཟུགས་མེད་རིག་གནས་ཤུལ་བཞག་དབྱར་གནས་ཀྱི་བྲོ་བ་མྱོང་ཞེས་པས་གཙོ་དོན་བྱས་པའི2024ལོའི་འབའ་ཐང་དབྱར་གནས་དུས་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་ཆེད་སྤེལ་གཟའ་འཁོར་གྱི་འགོ་བཙུགས་པ་རེད།

འཁྲུག་ཆ་དོད་པའི་ཚོང་འདུས།

ལྷ་མོ་ཟློས་གར་འཁྲབ་བཞིན་པ།

སྤྱི་ཟླ9པར། སྟོན་ཐོག་དང་བེ་ཤ་སོགས་བསྡུས་རྗེས་ཀྱི་འབའ་ཐང་བ་རྣམས་རེ་ཞིག་སོས་དལ་བག་ཕེབས་ཀྱི་ངལ་གསོའི་དུས་དང་ཁེལ་ཞིང་ཀུ་ཤུ་དང་ཤིང་ཏོག་འབོར་ཆེན་དུས་གཅིག་ལ་སྨིན་པའི་སྐབས་དང་བསྟུན་ནས་དབྱར་གནས་དུས་ཆེན་བསུ་བར་དགེ་མཚན་བླ་ལྷག་ཏུ་ཆེ། དབྱར་གནས་ནི་འབའ་ཐང་བས་ཧ་ཅང་དགའ་པོ་བྱེད་པའི་དུས་ཆེན་ཞིག་ཡིན་ལ། འབའ་ཐང་རྫོང་གི་དམངས་ཁྲོད་སྲོལ་རྒྱུན་དུས་ཆེན་གཟབ་རྒྱས་ཤིག་ཀྱང་ཡིན།

ད་ཐེངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཆེད་སྤེལ་གཟའ་འཁོར་གྱི་དུས་ཡུན་ཉིན8ཡིན་ཏེ་སྤྱི་ཟླ9པའི་ཚེས2ནས9བར་དུ་ལྷ་མོ་ཟློས་གར་འཁྲབ་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སོགས་བྱེད་སྒོ་ཁག་བརྒྱད་སྤེལ་ཡོད་པ་རེད།

པི་ཝང་དཀྲོལ་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་འབའ་ཐང་རྫོང་གིས་འབའ་ནོར་བུ་ས་ཆའི་མིང་བྱང་གཏོད་རྒྱུར་དམ་པོར་དམིགས་ཏེ། སི་ཁྲོན་དང་ཡུན་ནན། བོད་ལྗོངས་འབྲེལ་མཚམས་ཀྱི་རིག་གནས་འཕེལ་ཁ་དར་ས་འཕེལ་རྒྱས་དམིགས་འབེན་དུ་བཞག་ཅིང་། འབའ་ཐང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཆེན་པོ་ཡོང་བར་བསྐུལ་བ་དང་། མང་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ངོས་འཛིན་དང་སྲུང་སྐྱོང་འདུ་ཤེས་ཇེ་དྲག་བཏང་ཞིང་། མང་ཚོགས་ཀྱི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1