དབྱངས་ཅན་ལྷ་མོ་ལ་བྱ་དགའ་ཐོབ་པའི་ཡུལ་དངོས།
འཁྲབ་སྟོན་པ་ཆུང་ཆུང་དབྱངས་ཅན་ལྷ་མོ།
ཉེ་ལམ། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན་《གཙང་པོ།》ཞེས་པའི་ལོ་དགུ་ཅན་གྱི་འཁྲབ་སྟོན་པ་ཆུང་ཆུང་དབྱངས་ཅན་ལྷ་མོ་ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅོ་བརྒྱད་པའི་ཕུལ་བྱུང་སྐྱེས་མའི་འཁྲབ་སྟོན་པའི་བྱ་དགའ་ཐོབ་ཅིང་། ཨེ་ཤ་ཡ་གླིང་གི་མི་གསར་བྱ་དགའི་ལོ་རྒྱུས་སྟེང་ལོ་ན་ཆེས་ཕྲ་བའི་བྱ་དགའ་ཐོབ་མཁན་དེ་ཡིན།
བྱ་དགའ་གནང་བའི་ཡུལ་དངོས་སུ་གློག་བརྙན་《གཙང་པོ།》ཞེས་པའི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་རམ་འདེགས་འོག འཁྲབ་སྟོན་པ་ཆུང་ཆུང་དབྱངས་ཅན་ལྷ་མོས་བྱ་དགའ་ལེན་པ་དང་བཅས་བོད་སྐད་ཀྱི་ལམ་ནས་སྟབས་བདེ་ངང་རང་ཉིད་དགའ་སྤྲོ་ཚད་མེད་སྐྱེས་པའི་ཚོར་འདུ་བརྗོད་ལ། ཟོན་ཐར་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 《གཙང་པོ།》ཞེས་པའི་གློག་བརྙན་འདི་ཐོག་མར་ཕབ་སྐྲུན་བྱེད་དུས་དབྱངས་ཅན་ལྷ་མོ་ལོ་དྲུག་ཡིན་ནའང་འཁྲབ་སྟོན་གྱི་ནུས་རྩལ་ཤིན་ཏུ་ལེགས་པ་ཞིག་རེད་ཟེར། །