༄༅།།མཛེས་པའི་ཡུལ་ལྗོངས་འདི་དག་ནི་མིག་གི་ལོངས་སྤྱོད་རེད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་རྒྱང་སྒྲོགས་བརྙན་འཕྲིན་དྲ་བ་ལས་དྲངས། སྤེལ་དུས། 10-18


ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀོང་པོའི་སྤྱི་གླིང་གི་ཆུ་མོ་དྭངས་ཤིང་འབྱུང་ཁམས་མཛེས་པས། གྲོང་མི་མི་ཉུང་བ་དེ་གར་ལྟ་སྐོར་དང་ལུས་སྦྱོང་རོལ་རྩེད་བྱེད་པར་སྐྱོད་ཀྱི་ཡོད།

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་ལ་ཆུ་གྲོང་ཚོའི་མཛེས་ལྗོངས་རི་མོ་ལྟར་མཛེས་ཤིང་། ཉེ་བའི་ལོ་ཤས་རིང་། རྫོང་དེས་སྤོ་བོའི་འཁྱག་རོམ་སོགས་ཐོན་ཁུངས་ལ་བརྟེན་པ་དང་གྲོང་ཚོ་འཕེལ་རྒྱས་དང་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ཏེ། བོད་ཀྱི་ལུས་གསོ་དང་ལྗང་མདོག་ཡུལ་སྐོར་གྱི་དམིགས་ས་ཧུར་ཐག་བཏོད་ཡོད།

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་ལྟ་ན་སྡུག་ཅིང་། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་བྲག་གསུམ་མཚོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བྲག་གསུམ་མཚོའི་འབྱུང་ཁམས་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་པར་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་ཁམ་བུའི་མེ་ཏོག་ལུང་གཞུང་གི་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་འབྱུང་ཁམས་སྲུང་བ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དང་། རིན་ཐང་ཆེ་ཤོས། འགན་འཁྲི་ཆེ་ཤོས་བཅས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།    

  ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ཀ་ལ་གྲོང་ཚོར་རབ་ཏུ་བཞད་པའི་མེ་ཏོག་ཀུ་མུད་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། ཉེ་བའི་ལོ་ཤས་རིང་། རྫོང་དེས་ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་ཁ་གསབ་སོགས་ཀྱི་འདུ་འགོད་ལ་བརྟེན་ནས་འབྱུང་ཁམས་སྲུང་བཅད་བརྟན་དུ་བཏང་ཡོད།

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོའི་བཀོད་པ་མཛེས་ཤིང་། ཁོར་ཡུག་སྡོད་མལ་ལ་འཚམ་པས་བོད་བཟོའི་སྡོད་ཁང་གསར་པ་སྟར་པ་བཞིན་གནས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1