མཛོད་དགེ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་སློབ་གྲྭ་ཁག་ཏུ“མེ་འགོག་རྩལ་ནུས་ལག་རྩལ”སློབ་ཁྲིད་བྱས་པ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-25


ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་གསར་དུ་སྐྲུན་པའི་སློབ་གྲྭའི་མེ་འགོག་མེ་གསོད་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་ནས། དགེ་སློབ་རྣམས་ཀྱི་མེ་འགོག་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། སྤྱི་ཟླ་10པའི་ཚེས་22ཉིན། མཛོད་དགེ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་དོན་དངོས་ལྟར་བཞག་ལྡོམ་གྲོང་རྡལ་ལྷ་མོ་བོད་ཡིག་སློབ་འབྲིང་དུ་མེ་གསོད་ཉེན་སེལ་འཕྲལ་སྡོམ་དང་མེ་འགོག་གསོ་སྦྱོང་བྱས།

རུ་ཆེན་གྱི་སྒྲོག་འགྲེལ་པ་དང་སློབ་གྲྭའི་མེ་འགོག་བདེ་འཇགས་འགན་འཁུར་པས་ཁྲབ་སྦྱོང་ཇུས་གཞི་ལྟར་མེ་སྐྱོན་ཉེན་བརྡ་བཏང་། འཛིན་གྲྭ་ཁག་གི་དགེ་རྒན་གྱིས་སློབ་མ་ཡོངས་སྒྲིག་འཛུགས་བྱས་ཏེ་ཁ་དང་སྣ་བསུམ་ནས་ཉེན་ཁ་ལས་ཐར་ཐབས་བྱས། མེ་གསོད་རོགས་སྐྱོབ་མི་སྣས་རྡོ་སྐས་ཁར་སློབ་མ་གོ་རིམ་ལྡན་པའི་ངང་བསྐྱོད་པར་ཁྲིད་སྟོན་བྱས།

འཕྲལ་སྡོམ་ཉེན་གཡོལ་བྱས་རྗེས། རུ་ཆེན་གྱི་སྒྲོག་འགྲེལ་པས་མེ་སྐྱོན་གྱི་གྱོད་གཞི་དང་འབྲེལ་ནས་དགེ་སློབ་ཡོངས་ལ་སློབ་གྲྭའི་མེ་སྐྱོན་གྱི་འབྱུང་རྐྱེན་དང་གནོད་འཚེ་དབྱེ་ཞིབ་བྱས། གཞན་མེ་སྐྱོན་འབྱུང་སྐབས་ཉེན་བརྡ་གཏོང་སྟངས་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དབྱེ་སྟངས། མེ་གསོད་ཡོ་བྱད་སྤྱོད་སྟངས། རང་སྐྱོབ་བྱེད་སྟངས་སོགས་གཞི་རྩའི་མེ་འགོག་བདེ་འཇགས་རྒྱུན་ཤེས་ཐད་འགྲེལ་བཤད་ཞིབ་ཕྲ་བྱས། དེ་རྗེས་རུ་ཆེན་གྱི་སྒྲོག་འགྲེལ་པས་ཡུལ་དངོས་ནས་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་བསྟན་པར་མ་ཟད། དགེ་སློབ་ཀྱི་འཐུས་མིར་དངོས་སུ་མེ་གསོད་བརྒྱུད་རིམ་ཉམས་ལེན་བྱེད་དུ་བཅུག

མཇུག་མཐར་རུ་ཆེན་གྱི་སྒྲོག་འགྲེལ་པས“མེ་འགོག་མེ་གསོད་དང་འབྲེལ་འདྲིས་སྒོས་ཉམས་ལེན་བྱས་ཏེ་ངོས་འཛིན་ལེགས་བསྐྱེད”བཅས་ལ་དམིགས་ནས་དགེ་སློབ་ཡོངས་ལ་མེ་གསོད་ཡོ་བྱད་བཀོལ་སྟངས་ཁྲིད། དགེ་སློབ་རྣམས་མེ་གསོད་རླངས་འཁོར་དུ་སྡོད་དུ་བཅུག་སྟེ་མེ་གསོད་རུ་མའི“འཐབ་འཁོར”ཉམས་ལེན་བྱེད་དུ་བཅུག

ཐེངས་འདིའི་ཁྲབ་སྦྱོང་དང་གསོ་སྦྱོང་བརྒྱུད་སློབ་གྲྭ་ཡོངས་ཀྱི་དགེ་སློབ་རྣམས་ལ་མེ་འགོག་མེ་གསོད་བདེ་འཇགས་ཀྱི་གཞུང་ལུགས་གསལ་རྟོགས་དང་ཡོ་བྱ་བཀོལ་སྤྱོད་ཤེས་སུ་བཅུག་སྟེ། མེ་འགོག་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བཞིན་སློབ་རའི་མེ་འགོག་མེ་གསོད་བདེ་འཇགས་སྲུང་གཞི་རྨང་རྡོ་བཏིང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1