སྤྱི་ཟླ་11པའི་ཚེས་4ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི“མཛེས་ཉམས་ཁྲི་སྟོང་གི་སི་ཁྲོན”ཞེས་པའི་དུས་ཚིགས་བཞི་པའི་གཅིག་སྡུད་བཅར་འདྲི་བྱེད་སྒོ་དཀར་མཛེས་ཡན་ལག་ཚོགས་རའི་འགོ་ཚུགས་མཛད་སྒོ་རྟའུ་རྫོང་ཁྲིམས་སྐྱོང་ཐང་ཆེན་ནས་སྤེལ། ཁུལ་ཨུའི་རྒྱུན་ཨུ་སྐལ་བཟང་གཡུང་དྲུང་གིས་དཀར་མཛེས་ཡན་ལག་ཚོགས་ར་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་རེད།
སྐལ་བཟང་གཡུང་དྲུང་གིས་དཀར་མཛེས་ཁུལ་གྱི་མཐའ་སྐྱོང་རང་བཞིན་གྱི་རོགས་སྐྱོར་ལས་དོན་སྤེལ་ཚུལ་དང་དེར་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་། ཁོང་གིས་མཐའ་སྐྱོང་རང་བཞིན་གྱི་རོགས་སྐྱོར་ལས་དོན་སྤེལ་ཚུན། དཀར་མཛེས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་དང་སི་ཁྲོན་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། དེ་བཞིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་རྫོང་ཁོངས་ཀྱི་དགོས་མཁོ་དང་བསྟུན་པ་རྒྱུན་འཁྱོངས་དང་ཞིང་ཆེན་རིམ་པའི་འབྲེལ་གཏུག་རོགས་སྐྱོར། ཤར་ནུབ་མཐུན་སྦྱོར། ཞིང་ཆེན་ནང་ཁུལ་གྱི་ཆ་སྒྲིག་རོགས་སྐྱོར། སི་ཁྲོན་གྱི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཁེ་ལས་བཅས་རོགས་སྐྱོར་སྟོབས་ཤུགས་ལྔ་འདོན་སྤེལ་གང་ལེགས་བྱས་ཏེ་སྟོབས་ཆེན་གྱིས་ཉམས་ཞན་ལ་སྐུལ་ཁྲིད་དང་ཕྱུག་པོས་དབུལ་པོར་སྣེ་ཁྲིད། སྣེ་འདྲེན་ཁེ་ལས་དང་དེ་བཞིན་མ་དངུལ་ཡོངས་ནས་ཐོ་འགོད་བྱས་པའི་སྤྱི་གཉེར་ཁང་སོགས་ནང་འདྲེན་བྱེད་པའི་གསར་གཏོད་དཔེ་རྣམ་བརྒྱུད་འཕེལ་རྒྱས་མེད་པའི་རྫོང་ཁོངས་མཐའ་ནས་སྒྲོལ་བ་བྱ་རྒྱུར་སྐུལ་འདེད་བཏང་། མང་ཚོགས་ཀྱི་རེ་འདུན་མཐའ་འཁྱོངས་ནས་དམངས་འཚོ་ཚོད་འཛིན་བྱེད་པའི་ཞན་ཆ་མགྱོགས་མྱུར་བསབས་པས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན། འཕེལ་རྒྱས་ཀྱི་དགོས་མཁོ་མཐའ་འཁྱོངས་ནས་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ་བཅས་ཀྱི“དོན་ཆེན་ཁག་གསུམ”སྤྱི་འདོམས་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོས་གྲོང་ཁྱེར་དང་གྲོང་སྡེ་མཉམ་འདྲེས་ཀྱི་གཙོ་དོན་ལ་དམིགས་ནས་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་སྡེ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་གསར་གཏོད་ཉམས་མྱོང་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ་དུས་ཚིགས་བཞི་པའི་རྒྱལ་ཕམ་ཐག་གཅོད་དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ་རེད། དུས་ཡུན་ཉིན་5ཡི་བཅར་འདྲིའི་བྱེད་སྒོའི་ནང་སི་ཁྲོན་དུ་ཡོད་པའི་ཀྲུང་དབྱང་འཕྲིན་སྦྱོར་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་འཕྲིན་སྦྱོར་གཙོ་བོའི་གསར་འགོད་པས་དཀར་མཛེས་ཁུལ་རྟའུ་རྫོང་དང་བྲག་མགོ་རྫོང་། རྔ་བ་ཁུལ་ཛམ་ཐང་རྫོང་སོགས་རྫོང་བཞིར་མཐའ་སྐྱོང་རང་བཞིན་གྱི་རོགས་སྐྱོར་ལས་དོན་གྱི་འཕེལ་རིམ་དང་ཕན་འབྲས་འཚོལ་བར་བསྐྱོད་རྒྱུ་རེད། དེའི་ནང་རང་ཁུལ་གྱིས་བཅར་འདྲིའི་གཙོ་དོན་ལ་དམ་པོར་དམིགས་ནས་ནུས་རྒྱུའི་ཁུལ་དང་སྐྱེ་ལྡན་ཁུལ། རིག་གནས་ཡུལ་སྐོར་ཁུལ་བཅས་གཏོད་པ་འབུར་དུ་ཐོན་པར་བྱས་ནས་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་ཉི་ནུས་འཛུགས་སྐྲུན་ལས་གཞི་དང་། རྟའུ་རྫོང་ཤིན་ཅང་ཀོའུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། བྲག་མགོ་རྫོང་གི་འོ་སེ་ཇ་ཐོན་སྐྱེད་གཉེར་སྐྱོང་། བྲག་མགོ་རྫོང་གི་ཞིང་ཐོན་ལས་འཕེལ་རྒྱས་འབབ་འཕར་སོགས་ས་གནས་འོས་སྦྱོར་བྱས།
ཞིང་ཨུ་དྲིལ་བསྒྲགས་པུའི་འབྲེལ་ཡོད་ཁྲུའུ་དང་གཞུང་ལས་ཁང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་རྟའུ་རྫོང་གི་འབྲེལ་ཡོད་མགོ་ཁྲིད། བཅར་འདྲིར་ཞུགས་མཁན་གྱི་ཀྲུང་དབྱང་དང་ཞིང་ཆེན་ཐད་གཏོགས་འཕྲིན་སྦྱོར་གསར་འགོད་པ་སོགས་དཀར་མཛེས་ཡན་ལག་ཚོགས་རའི་བྱེད་སྒོར་ཞུགས་པ་རེད། །