ཁོངས་གཏོགས་ཁུལ་གྱི་རྒན་པ་རྣམས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། མཛོད་དགེ་རྫོང་བོད་སྨན་ཁང་གིས་ལོ་འཁོར་འདིའི་རིན་མེད་ངང་རྒན་པ་རྣམས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་སྒོ་ཐེངས་གཉིས་པ་དུས་ཡུན་ཉིན་གསུམ་ལ་སྤེལ། གཙོ་བོ་ཐུམ་འབུའི་ནད་རིམ་བཤེར་དང་ལོ་0ནས་6བར་གྱི་བྱིས་པའི་རིམས་འགོག་སྨན་ཁབ་ཆད་གསབ་བཅས་ཀྱི་ལས་དོན་སྤེལ། གཙོ་བོ་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ལ་ཁྱོན་ཡོངས་དང་ཆེད་ལས་ཀྱི་བདེ་ཐང་བརྟག་དཔྱད་ཞབས་ཞུ་མཁོ་འདོན་བྱས་ནས་རིམས་ནད་སྔ་ནས་སྔོན་འགོག་དང་སྔ་ནས་སྨན་བཅོས་བྱ་ཐུབ་པར་དམིགས་ནས་བྱེད་སྒོ་སྤེལ།
ཐེངས་འདིའི་རྒན་པ་རྣམས་ཀྱི་གཟུགས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་དེ་རྫོང་བོད་སྨན་ཁང་གི་སྣེ་ཁྲོད་འོག་སྨན་དོན་མི་སྣ་མཉམ་ཞུགས་སྒོས་སྲིད་འཛིན་གྲོང་སྡེ་ཀུན་ལ་ཕྱོགས་ནས་སྤེལ། རྒན་པ་103ལ་གཟུགས་པོར་བརྟག་དཔྱད་བྱས། ཐུམ་འབུའི་ནད་རིམ་བཤེར་བྱེད་སྐབས་Bརླབས་བརྟག་དཔྱད་བྱས་པ་བརྒྱུད། ཧོ་ཐ་གྲོང་སྡེར་མི་623དང་བཀྲ་བོ་གྲོང་སྡེར་མི་656ལ་རིམ་བཤེར་བྱས། ཁྱོན་མི་ཚོགས་གཙོ་བོ་1279ལ་རིམ་བཤེར་བྱས་པ་དང་རིམས་འགོག་སྨན་ཁབ་སྣ་ཚོགས་37ལྷག་བརྒྱབ།
རྗེས་ཕྱོགས་མཛོད་དགེ་རྫོང་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས“མི་དམངས་ལ་ཞབས་འདེགས་ཞུ་བ་དང་བདེ་ཐང་ལ་འགན་ལེན་བྱེད་པའི”དམིགས་ཡུལ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། དུས་ལྟར་གཙོ་གནད་མི་ཚོགས་ལ་བདེ་ཐང་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་འགན་ལེན་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏང་རྒྱུ་རེད། །