ལྡན་ལུགས་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་གྲགས་ཏེ།
ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་རྒན་གསུམ་གི་ཡ་གྱལ་ཡིན།
སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་
ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། འདན་མའམ་ལྡན་མ་ས་འཕགས་ཀི་བྲིས་རྒྱུན་
ཆོས་ཕྱོགས་སུ་བཀོལ་ཆེ་བའི་ད་ལྟའི་དབུས་དང་ཁམས་སོགས་དབུ་མེད་ཀྱི་གཞི་རྩ་ལྟ་བུ་
དར་རྒྱས་བྱུང་བས་འབྲུ་ཆེན་སུག་རིང་དང་སུག་ཐུང་ཡི་གེའི་སྲོལ་འབེད་པའི་ལག་རྒྱུན་མ་
ཉམས་པ་ཁྲིད་སྲོལ་ད་ལྟའང་ཡོད། སློབ་དཔོན་པདྨའི་ཟབ་ཆོས་དགོངས་གཏེར་ཕབ་པའི་
ཡི་གེའི་ཆེད་ལས་པ་མཁས་པའི་ཕུལ་དུ་གྱུར་པས་ཁོང་ལ་དག་གཙང་སྐྱེན་གསུམ་ཕུལ་ཕྱིན་
ལྡན་མ་རྩེ་མང་ཞེས་པའི་ཡིག་མཁན་གྱི་གོ་གནས་ཡོད། མཚན་དངོས་ས་འཕགས་དང་།
ཆེད་ལས་རྩེར་སོན་པའི་གོ་ཐོབ་མང་བས་རྩེ་མང་ཞུ། བཀའ་བརྒྱད་བདེར་འདུས་སོགས་
གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ། གྲུབ་ཆེན་འདིའི་ཕྱག་བྲིས་
ལྷོ་བྲག་སྨྲ་བོ་ཅོག་གི་གཞིས་ཀར་བདེར་འདུས་ཀྱི་གཏེར་ཡིག་བཞུགས་པ་ཐོས་ཀྱང་མཇལ་སྐལ་མ་བྱུང་།