2024ལོའི་དབྱར་དུས་ཀྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རིས་གྲོང་ཁྱེར་དུ་འཚོག་པའི་རེ་ཞུ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༢༥ཉིན།


          ཉེ་ཆར། ཕྱི་རྒྱལ་གྱི་འཕྲིན་སྦྱོར་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། 2024ལོའི་དབྱར་དུས་ཀྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རིས་གྲོང་ཁྱེར་དུ་འཚོག་པའི་རེ་ཞུ་བྱས་ཡོད་ཅིང་། ཕེ་རིས་གྲོང་ཁྱེར་དུ་འཚོགས་པའི་གྲོས་ཚོགས་སུ་2024ལོའི་དབྱར་དུས་ཀྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རིས་སུ་འཚོགས་པར་མི་དམངས་72%ཀྱིས་རྒྱབ་སྐྱོར་བྱས་ཡོད་པ་རེད། ཕེ་རིས་སུ་ཨོ་རྩལ་འགྲན་ཚོགས་གྱི་གཙོ་གཉེར་དབང་ཆ་ཐོབ་ཡོད་ཀྱང་། ད་རུང་མུ་མཐུད་ནས་དེའི་སྐོར་གྱི་ལས་ཀ་མང་པོ་ཞིག་བསྒྲུབ་དགོས་འདུག

           ཧྥ་རན་སིའི་རྒྱལ་སྤྱིའི་རྒྱང་བསྒྲགས་རླུང་འཕྲིན་དྲ་བ་ནས་གནས་ཚུལ་སྤེལ་དོན། དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་ཕ་རིས་གྲོང་ཁྱེར་དུ་ཐོབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་ཕ་རིས་གྲོང་ཁྱེར་གྱི་འགོ་གཙོ་དབྱི་རྡར་གྷི་ལགས་ཀྱིས་འདེམ་ཤོག་འཕང་རྗེས། ད་ནས་བཟུང་། ང་ཚོས་ཨོ་རྩལ་འགྲན་ཚོགས་ཡག་པོ་ཞིག་འཚོག་ཐུབ་པར་མཉམ་དུ་འབད་བརྩོན་བྱ་དགོས་པ་རེད་ཅེས་བཤད། འདི་ལྟར་ཕེ་རིས་གྲོང་ཁྱེར་ནི་ཨོ་རྩལ་འགྲན་ཚོགས་སྤེལ་སའི་གྲོང་ཁྱེར་ཞིག་ཏུ་གྱུར་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1