ཞི་ཅིན་ཕིང་གིས་བྷེལ་ཇམ་གྱི་རྒྱལ་བོ་ཧྥེ་ལི་ཕུའུ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༢༥ཉིན།


སྤྱི་ཟླ་6པའི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་བྷེལ་ཇམ་གྱིརྒྱལ་བོ་ཧྥེ་ལི་ཕུའུ་གྲོས་མོལ་མཛད་པ་དང་། འདྲ་པར་འདི་ནི་གྲོས་མོལ་ཚོགས་འདུ་མགོ་མ་བརྩམས་པའི་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། བྷེལ་ཇམ་གྱི་རྒྱལ་བོ་ཧྥེ་ལི་ཕུའུ་རང་རྒྱལ་ལ་ཕེབས་པར་དགའ་བསུ་ཞུ་བཞིན་པ་རེད། 

ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷེལ་ཇམ་གྱིརྒྱལ་བོ་ཧྥེ་ལི་ཕུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་བྷེལ་ཇམ་གྱིའབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་ཆེན་པོ་གནང་བ་མ་ཟད་མུ་མཐུད་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་བརྟན་འཇགས་དང་དངོས་གཉེར་མཉམ་ལས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་བྷེལ་ཇམ་གྱིའབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་ཐོན་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། སློབ་གསོ། རིག་གནས། འཕྲོད་བསྟེན། འཕྲིན་སྦྱོར། ལྗོངས་རྒྱུ། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།  ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། བྷེལ་ཇམ་གྱིཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་དང་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཛའ་མཐུན་འབྲེལ་བར་ནན་གྱིས་སྐྱོང་དགོས་པ་དང་། སང་ལོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཛུགས་ནས་ལོ་འཁོར་45ལོན་པའི་ལོ་ཡིན་པས་ཀྲུང་གོ་ཕྱོགས་ནས་བྷེལ་ཇམ་དང་མཉམ་དུ་རྟེན་འབྲེལ་གྱི་ཉིན་མོ་དེ་བསུས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་འདོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1