མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོབ་རང་བཞིན་ལྡན་པའི་འཆམ་མཐུན་རྟགས་ཅན་དང་ནུབ་མཚོ་རྟགས་ཅན་གྱི་གྲུ་གཉིས་ཐོག་མར་མཚོ་རུ་བསྐྱོད་པའི་མཛད་སྒོ་མཚོ་སྔོན་པོའི་གླང་ཆེན་མཆེ་བའི་ཡུལ་སྐོར་གནས་མཆོག་ཏུ་སྤེལ་ཞིང་།
གྲུ་གཉིས་ཀྱི་རིང་ཚད་ལ་སྨི42དང་ཞེང་ཚད་ལ་སྨི12.6། ཤོང་ཚད་ལ་མི250། མགྱོགས་ཚད་ལ་དུས་ཚོད་རེར་སྤྱི་ལེ15། ཚད་རིམ12མན་གྱི་རླུང་ཆེན་གདོང་ལེན་བྱེད་ཐུབ་ཅིང་ཐོག་འོག་རིམ་པ་གཉིས་ཅན་ཞིག་ཡིན།
གྲུའི་ནང་དུ་རིག་རྩལ་འཁྲབ་སྟོན་ཁང་དང་།
སྤྱོད་མང་ཚོམས་ཆེན། མཛེས་ལྗོངས་གཟིགས་སྟེགས་སོགས་རྨང་གཞིའི་སྒྲིག་ཆས་ཡོད་ཅིང་།
མིག་སྔར་ནུབ་བྱང་ས་ཁུལ་དུ་མགྲོན་འདྲུད་ཚད་ཆེས་ཆེ་བ་དང་།
སྒྲིག་ཆས་སྦྱར་བ་ཆེས་ལེགས་པའི་ཡུལ་སྐོར་གཟིགས་ཞིབ་ཀྱི་གྲུ་གཟེངས་ཤིག་ཡིན་ལ།
སྔོན་ཐོན་གྱི་ཙོག་ཆུ་གཙང་སེལ་མ་ལག་དང་འཚོ་བའི་གད་སྙིགས་གཙང་སེལ་མ་ལག་སོགས་བཅུག་ཡོད་པ་དང་།
ཁོར་ཡུག་སྲུང་སྐྱོབ་ཚོད་དཔྱད་རིམ་པ་ཡོངས་སུ་བརྒྱུད་ཟིན་པའི་རྒྱལ་ནང་སྔོན་གྲས་ཀྱི་སྐྱེ་ཁམས་ཁོར་སྲུང་སྐོར་གྲུ་རུ་ངེས།