དཔའ་རིས་གོས་རྒྱན་འཁྲབ་སྟོན།
སྟག་ལུང་རྟ་མཆོག
ཁ་ཤགས་བཤད་པ།
སངས་རྒྱས་སྨན་བླའི་ཉིན་ལ། དཔའ་རིས་བོད་རང་སྐྱོང་རྫོང་གི་གནས་རི་ཆེན་པོ་ཨ་མྱེས་དགེ་བསྙེན་འདབས་ཀྱི་རྡོ་ལུང་རྩྭ་ཐང་དུ། དུས་ཆེན་གྱི་མཆོར་གོས་གྱོན་པའི་མི་བརྒྱ་ཕྲག་དུ་མ་སྤྲིན་གྱི་ཚོགས་བཞིན་འདུས་ནས་གླུ་ལེན་གར་འཁྲབ་ཀྱི་དགའ་སྟོན་ལ་རོལ་བཞིན་འདུག ད་ལོར་རྫོང་རིག་གནས་ལུས་རྩལ་ཅུས་དང་བོད་སྐད་ཡིག་ལས་ཤག བཀྲ་ཤིས་ལུང་པ་གྲོང་རྡལ་བཅས་ལས་ཁུངས་གསུམ་མཉམ་འབྲེལ་གྱིས་རྩ་འཛུགས་བྱས་བའི་རྡོ་ལུང་སངས་རྒྱས་སྨན་བླའི་དམངས་སྲོལ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པའི་ལས་འགུལ་གཟབ་རྒྱས་སྒོ་ནས་སྤེལ་བ་ཡིན། ཐེངས་འདིའི་དུས་ཆེན་དུ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྟེ་དཔའ་རིས་དམངས་གླུའི་རྒྱུད་ཁྲིད་ལས་འགུལ་སྤེལ་བ་ཡིན། དཔའ་རིས་སུམ་མདོ་ཡུལ་གྱི་གླུ་བ་གྲགས་ཅན་རྡོ་རྗེ་ཆོས་མཁར་དང་དཔལ་ལུང་རྫོང་གི་གླུ་མ་འཇིགས་བྱེད་འཚོ་ཡང་ཐེངས་འདིའི་དམངས་གླུ་རྒྱུད་ཁྲིད་ལས་འགུལ་དུ་ཞུགས། ད་དུང་རྟ་རྒྱུགས་དང་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སོགས་ལས་འགུལ་མང་པོ་སྤེལ། དམངས་ཁྲོད་གླུ་བ་གླུ་མ༦༠ལྷག་གིས་དམངས་གླུ་བླངས་ཤིང་དཔའ་རིས་བོད་ལྭ་འགྲེམ་སྟོན་བྱས། རྟ་མཆོག༦༠ལྷག་རྟ་རྒྱུགས་འགྲན་ཚོགས་སུ་ཞུགས། ཐེངས་འདིའི་ལས་འགུལ་ནི་ཡིད་བཞིན་དུ་རྒྱལ་ཁའི་ངང་འགྲུབ་པ་ཡིན།