སོ་ཏི་ཨ་རབ་ཀྱི་རྒྱལ་སྲས་ཀྱིས་ཨ་སྒོར་དུང་ཕྱུར་320སྤྱད་ནས་དགེ་སྒྲུབ་ཀྱི་ལས་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-03



               སྤྱི་ཟླ་7པའི་ཚེས་1ཉིན། དབུས་ཤར་ས་རྒྱུད་ཀྱི་ཕྱུག་བདག་ཆེ་ཤོས་དང་སོ་ཏི་ཨ་རབ་ཀྱི་རྒྱལ་སྲས་ཨ་ལེ་ཝ་ལེ་ཏི་པན་ཐཱ་ལཱ་ལེ་ཡིས་ཨ་སྒོར་དུང་ཕྱུར་320སྤྱད་ནས་དགེ་སྒྲུབ་ཐེབས་རྩ་ཚོགས་པ་ཞིག་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

ཨ་ལེ་བཱ་ལེ་ཏིས་མ་རྐང་གཏོང་ལེན་སྤྱི་གཉེར་ཁང་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་གསུངས་དོན། ཁོང་གི་ཨ་རིའི་ཕྱུག་བདག་ཆེ་ཤོས་པེ་ཨེར་གེར་ཚི་ལྟར་རང་གི་མིང་སྤྱད་དེ་ཐེབས་རྩ་ཚོགས་པ་ཞིག་འཛུགས་རྒྱུ་དང་ཐེབས་རྩ་ཚོགས་པའི་མིང་ལ་ཨ་ལེ་བཱ་ལེ་ཏི་དགེ་སྒྲུབ་ཐེབས་རྩ་ཚོགས་པ་འདོགས་རྒྱུ་ཞེས་བསྟན།

ཁོང་གིས་སྒོར་མོ་འདིས་རིག་གནས་མི་འདྲ་བ་ཕན་ཚུན་བར་བརྗེ་རེས་དང་དབུལ་སྐྱོབ་མུག་སེལ། བུད་མེད་དང་ན་གཞོན་ལ་ལས་ཀ་འཚོལ་རོགས། གནོད་ཁུལ་བསྐྱར་བསྐྲུན། དྭ་ཕྲུག་སློབ་གྲྭ་འཛུགས་པ། འཕྲོད་བསྟེན་སྨན་བཅོས་དང་འཕེལ་རྒྱས་དལ་བའི་ས་ཁུལ་ལ་ཆུ་གློག་ས་ཚུགས་སོགས་བསྐྲུན་པར་བཀོལ་རྒྱུ་ཡིན་ཞེས་བསྟན།

དགུང་གྲངས་དྲུག་ཅུ་ལ་སོན་པའི་ཨ་ལེ་བཱ་ལེ་ཏི་ནི་རྒྱལ་པོ་ས་ལེ་མན་གྱི་ཚ་བོ་ཡིན་ལ། ཁོང་སྲིད་སྐྱོང་གི་ལས་ལ་མ་ཞུགས་པར་ཚོང་ལས་གཉེར་བ་རེད། ཁོས་ཁྱིམ་རྒྱུད་ཀྱི་མི་སྙན་གྲགས་ཅན་གྱི་འབྲེལ་བར་བརྟེན་ནས་རྒྱལ་པོའི་མ་རྐང་གཏོང་འཛིན་སྤྱི་གཉེར་ཁང་གཉེར་བ་རེད། སྤྱི་གཉེར་ཁང་དེ་ནི་འཕྲིན་སྦྱོར་དང་དངུལ་རྩལ། མགྲོན་ཁང་། གསར་འགྱུར་ཚོགས་པ། དངུལ་ཁང་སོགས་སྣ་འཛོམས་རང་བཞིན་ཅན་གྱི་སྤྱི་གཉེར་ཁང་ཞིག་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1