དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བ་དར་མདོ་རུ་གནོད་རྗེས་བསྐྱར་སྐྲུན་ལས་ཀར་རྟོག་ཞིབ་གནང་བར་ཕེབས།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-03


          ཉེ་ཆར། དར་མདོའི་ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་ལས་ཀ་ཇེ་མགྱོགས་སུ་གཏང་བའི་གནད་འགག་གི་དུས་སྐབས་སུ། དཀར་མཛེས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་ལས་སྒྲུབ་ཚོ་ཆུང་གི་སྣེ་ཁྲིད་དེ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་རྡོ་ར་དཀར་མོ་གྲོང་སྡེ་དང་། རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་གྲོང་མགོ་སྡེ་བ་སོགས་ཀྱི་བདེ་འགོད་ཁུལ་དུ་གནོད་རྗེས་བསྐྱར་སྐྲུན་ལས་ཀའི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས། ཁོང་གིས། གནོད་རྗེས་བསྐྱར་སྐྲུན་ལས་ཀའི་ཁྲོད་དུ། བདེ་འགོད་ས་གནས་དང་ཡུལ་སྐོར་འཕེལ་རྒྱས། ཞིང་སྡེ་གསར་པ་འཛུགས་སྐྲུན་བཅས་དམ་དུ་སྦྲེལ་ཞིང་། མིག་རྒྱང་རིང་པོ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་བློ་ཡོད་པའི་ཐོག་ནས། གཅིག་གྱུར་སྒོས་གནོད་རྗེས་བསྐྱར་སྐྲུན་ལས་ཀ་ཧུར་ཐག་གིས་བསྒྲུབ་དགོས་ཞེས་ནན་གྱིས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1