ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཝུའུ་ཧྥ་གྲོས་ཚོགས་སུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-13



           ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་། ཧ་སག་སི་ཐན་གྱི་སྲིད་འཛིན་མའོ་ཀྲ་ཨར་པ་ཡེ་ཧྥུ། ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཨ་ཐན་པ་ཡེ་ཧྥུ། ཐ་ཟིག་སི་ཐན་གྱི་སྲིད་འཛིན་ལ་ཧི་མིང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་ཁ་ལི་མོར་ཧྥུ་བཅས་དང་ལྷན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཝུའུ་ཧྥ་གྲོས་ཚོགས་སུ་ཞུགས་ཤིང་། ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ། གོམ་སྟབས་ཇེ་མགྱོགས་དང་དངོས་ཡོད་ཀྱི་ལག་ལེན་ལ་གཞིགས་ནས་ཐུན་མོང་གི་ཕུགས་བསམ་འགྲུབ་པར་འབད་བརྩོན་བྱ་དགོས་པ་དང་། ཐུན་མོང་ཐོག་ཚོགས་ཞུགས་རྒྱལ་ཁབ་ཁག་གི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་དགོས་པ། མཉམ་ལས་ཀྱི་ནང་དོན་རྒྱ་བསྐྱེད་བཏང་ནས་དུས་རབས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏང་དགོས་པ། སྒོ་འབྱེད་དང་སྤེལ་རེས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཐོད་བརྒལ་གསར་པ་ཞིག་ཡོང་བར་བྱ་དགོས་ཞེས་གསུངས།


           ཞི་ཅིན་ཕིང་གིས། ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གི་ཕུགས་འདུན་འགྲུབ་པར་བྱ་དགོས་པ་དང་། མུ་མཐུད་ནས་ཧྲང་ཧའེ་ཡི་སྙིང་སྟོབས་ཀྱི་སྣེ་ཁྲིད་དང་མཛུབ་སྟོན་འོག རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་སྲུང་སྐྱོབ་བྱ་དགོས་པ། ་སྒོ་འབྱེད་རིང་ལུགས་དར་སྤེལ་བཏང་ནས་ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱ་དགོས་པ། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། དེ་མིན་རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་པ་དག་ཞི་བདེ་ཡི་ཐབས་ལམ་གྱིས་སེལ་ཐབས་བྱ་དགོས་པ། ཐུན་མོང་ཐོག་དར་རྒྱས་ཡོང་བའི་ཕུགས་འདུན་གྱིས་སྤྱིའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་པ་བཅས་གཙོ་བོ་ཕྱོགས་ལྔ་ནས་ནན་གྱིས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1