རང་འདུན་པ་རྣམས་རྔ་བའི་མཛོད་དགེ་རུ་དམར་དམག་རྒྱང་བསྐྱོད་བྱས་མྱངས་པའི་ལམ་བརྒྱུད་ནས་པཱ་ཞེ་གྲོས་ཚོགས་ཀྱི་རྗེས་ཤུལ་དུ་བསྐྱོད་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-15



        རང་འདུན་པ་རྣམས་རྔ་བའི་མཛོད་དགེ་རུ་ལོ་དེར་དམར་དམག་བསྐྱོད་མྱངས་པའི་ལམ་ཁ་དངོས་སུ་དེད་ནས་པཱ་ཞེ་གྲོས་ཚོགས་ཀྱི་རྗེས་ཤུལ་ཕྱོགས་སུ་སྐྱོད་བཞིན་པ། 
         ཁ་སང་།  བློ་སེམས་གཅིག་མཐུན་གྱི་ཀྲུང་གོའི་སེམས།  མཛོད་དགེ་ས་ཚིགས་ཀྱི་ཆེད་མཁས་རང་འདུན་པ་རྣམས་པཱ་ཞེ་གྲོས་ཚོགས་ཀྱི་རྗེས་ཤུལ་དུ་ཕྱིན་ནས།  དམར་པོའི་རིག་གནས་ཉམས་སུ་མྱོང་ཞིང་རྒྱང་སྐྱོད་འདུ་ཤེས་རྒྱུད་འཛིན་བྱས།
        ཞོགས་པའི་ཆུ་ཚོད་དགུ་ཡི་སྟེང་།  ཆེད་མཁས་རང་འདུན་པའི་རུ་དཔུང་གིས་གསར་བརྗེ་གླུ་དབྱངས་ལེན་བཞིན།  ལོ་དེར་དམར་དམག་བསྐྱོད་བྱེད་མྱངས་པའི་ལམ་ཁ་དེད་ནས་པཱ་ཞེ་གྲོས་ཚོགས་རྗེས་ཤུལ་དུ་ཐོན།  མ་སླེབས་པའི་ཡར་སྔོན་དུ།  ཆེད་མཁས་རང་འདུན་པ་རྣམས་ཀྱིས་དམར་དམག་གངས་རིར་འགོས་ཤིང་རྩྭ་ཐང་བརྒལ་བའི་རྣམ་པ་དང་།  པཱ་ཞེ་གྲོས་ཚོགས་ངོ་སྤྲོད་བྱེད་པའི་སྔ་གཞུག་གི་བརྒྱུད་རིམ་ཧྲིལ་པོར་ཉན་པ་དང་།  ད་དུང་།  ས་གནས་ཀྱི་དམར་པོའི་རིག་གནས་འཕེལ་རྒྱས་ལ་མ་དངུལ་བསྡུས་ནས་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་ཡང་བྱས།   ཉིན་གུང་།  ཆེད་ལས་རང་འདུན་པ་རྣམས་ཀྱིས་ཕྱི་རོལ་ནས་བརྗེད་པར་དཀའ་བའི་གུང་ཟས་ལ་རོལ་ཞོར།  དམར་དམག་གིས་རྩྭ་ཐང་བརྒལ་བའི་དཀའ་སྡུག་གི་འཚོ་བ་ཉམས་སུ་མྱོང་།
          ཆེད་མཁས་པས་དམག་དཔུང་ཁྲིད་ནས།  པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་སློབ་དཔོན་ཆེན་མོ་ཀའོ་ཅི་ཧོན་གྱི་གསུང་བཤད་ལ་ཉན་དུ་སོང་།  ཁོང་གི་བཤད་རྒྱུར།  ངས་བསམ་ན་ཐེངས་འདིའི་བྱེད་སྒོ་ནི་ཧ་ཅུང་དོན་སྙིང་ལྡན་ཞིང་།  ཡང་བསྐྱར་རྒྱང་སྐྱོད་ཀྱི་ལམ་དུ་ཞུགས་ཤིང་སྲོལ་རྒྱུན་གྱི་གསར་བརྗེའི་སློབ་གསོ་དང་ལེན་དང་།  དཀའ་སྤྱད་སྡུག་རུས་དང་འབད་བརྩོན་ཧུར་སྐྱེད་ཀྱི་འདུ་ཤེས་ལ་ཕན་འབྲས་ཐོན།  ང་ཚོས་ངེས་པར་དུ་སྔོན་གྱི་རྗེས་ཤུལ་དང་རྒྱང་སྐྱོད་འདུ་ཤེས་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་ཞེས་བཤད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1